ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཁེ་ལས་ཀྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་པའི་ཁོང་ཀོ(ཅིན)ཆུ་གློག་ས་ཚིགས་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ10པའི་ཚེས6ཉིན་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་ཡིས་ལུའུ་ཨ་ལ་པ་ཞིང་ཆེན་དུ་ཡོད་པའི་པུའུ་སང་ཅ་ཆུ་ཤུགས་གློག་འདོན་ས་ཚིགས་སུ་གློག་འདོན་འཕྲུལ་ཆས་འཁོར་སྐྱོད་ཀྱི་སྤྱིའི་གཅུས་སྒོ་མནན་ཞིང་། འདིས་པུའུ་སང་ཅ་ཆུ་ཤུགས་གློག་འདོན་ས་ཚིགས་དངོས་སུ་གློག་གཏོང་མགོ་ཚུགས་པ་མཚོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་ཁེ་ལས་ཀྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་པའི་ཁོང་ཀོ(ཅིན)པུའུ་སང་ཅ་ཆུ་ཤུགས་གློག་འདོན་ས་ཚིགས་ཚེས5ཉིན་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་ཤིང་། ཁོང་ཀོའི(ཅིན)ཙུང་ཐུང་ཆི་སའེ་ཁེ་ཏི་མཛད་སྒོར་ཞུགས་ཏེ་དར་ཚོན་ཕྱེས། །

པར་འདི་ནི་ཟླ10པའི་ཚེས6ཉིན་ཁོང་ཀོའི(ཅིན)ལུའུ་ཨ་ལ་པ་ཞིང་ཆེན་དུ་ཡོད་པའི་པུའུ་སང་ཅ་ཆུ་ཤུགས་གློག་འདོན་ས་ཚིགས་རེད།

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།