ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་དམག་དོན་སྦྱོང་བརྡར་ས་ཚིགས་ཤིག་ལ་མེ་སྐྱོན་བྱུང་སྟེ་དམག་མི6ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མར་གནས་པའི་ཁའེ་པུའུ་བྱང་མའི་ཞིང་ཆེན་གྱི་དམག་དོན་སྦྱོང་བརྡར་ས་ཚིགས་ཤིག་ལ་ཚེས6ཉིན་མེ་སྐྱོན་བྱུང་སྟེ། དམག་མི6ཚེ་ལས་འདས་ཤིང་དམག་མི3ལ་རྨས་ཕོག

ཨ་ཧྥེ་རི་ཁ་ལྷོ་མའི་སྐམ་དམག་གིས་ཚེས7ཉིན་གསལ་བསྒྲགས་སྤེལ་དོན། ས་དེའི་དུས་ཚོད་ཚེས6ཉིན་གྱི་ཆུ་ཚོད13དང་སྐར་མ45ཡས་མས་སུ(པེ་ཅིན་གྱི་ཆུ་ཚོད19དང་སྐར་མ45)ཁའེ་པུའུ་བྱང་མའི་ཞིང་ཆེན་གྱི་ཨ་ཧྥེ་རི་ཁ་ལྷོ་མའི་སྐམ་དམག་སྦྱོང་བརྡར་ལྟེ་གནས་ལ་མེ་སྐྱོན་བྱུང་སྟེ། དམག་མི6ཚེ་ལས་འདས་པ་དང་དམག་མི3ལ་རིམ་པ་གཉིས་པའི་འཚིག་རྨས་བྱུང་སྟེ་ཉེ་སའི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། 

གསལ་བསྒྲགས་ནང་། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྲུང་པུའུ་དང་རྒྱལ་སྲུང་དམག་གི་མགོ་ཁྲིད་ཀྱིས་གཞུང་དོན་དུ་རང་སྲོག་ཤོར་བའི་དམག་མའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་ཤིང་། དམག་ཕྱོགས་ཀྱིས་དོན་རྐྱེན་འདི་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་དོན་རྐྱེན་ནི་རླུང་འཚུབ་ཆེན་པོ་ལས་སྦྱོང་བརྡར་ལྟེ་གནས་ལ་མེ་ཤོར་བ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།