ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་ཞིག་གིས་ནའོ་ཝེ་རྒྱ་མཚོའི་མཁའ་དབྱིངས་སུ་ཨ་རིའི་མྱུལ་ཞིབ་གནམ་གྲུ་ཞིག་ལ་བཀག་འགོག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས6ཉིན་གསལ་བསྒྲགས་སྤེལ་དོན། ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་ཞིག་གིས་ཉིན་དེར་ནའོ་ཝེ་རྒྱ་མཚོའི་མཁའ་དབྱིངས་ཀྱི་ཨུ་རུ་སུའི་མངའ་ཁོངས་སུ་ཨ་རིའི་མྱུལ་ཞིབ་གནམ་གྲུ་ཞིག་ལ་བཀག་འགོག་བྱས། 

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་འབྲེལ་སྨྱན་བྱད་སྟེང་གནས་ཚུལ་སྤེལ་དོན། ཨུ་རུ་སུའི་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་ཀྱིས་ཚེས6ཉིན་ནའོ་ཝེ་རྒྱ་མཚོའི་མཁའ་དབྱིངས་ཀྱི་ཨུ་རུ་སུ་རྒྱལ་ཁོངས་ཀྱི་ཉེ་ས་རུ་གནམ་གྲུ་ཞིག་སླེབས་པ་ན། ཨུ་རུ་སུའི་བྱང་ཕྱོགས་མཚོ་གྲུ་རུ་ཁག་མཁའ་སྲུང་དམག་དཔུང་གི་སྨི་གེ-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་དེ་མ་ཐག་ཏུ་གནམ་མཁར་འཕུར་ཞིང་། བར་སྣང་གི་དམིགས་འབེན་དེ་ཨ་རིའི་མཚོ་དམག་གིP-8Aརྟགས་ཅན་གྱི“པོ་སའེ་ཏུང”མྱུལ་ཞིབ་གནམ་གྲུ་ཡིན་པ་ཐག་བཅད་རྗེས། ཨུ་རུ་སུའི་འཐབ་འཛིང་གནམ་གྲུས་དམིགས་འབེན་དེའི་ཉེ་སར་སླེབས་པ་ན་ཨ་རིའི་གནམ་གྲུ་ཕྱིར་ལོག། 

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས། ཨུ་རུ་སུའི་འཐབ་འཛིང་དམག་གྲུ་དེ་འཕུར་བསྐྱོད་བྱེད་སྐབས་རྒྱལ་སྤྱིའི་མཁའ་ཁོངས་བེད་སྤྱོད་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།