ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་རྒྱལ་ཁབ་བརྒྱད་ཅུ་ཙམ་གྱི་ཚབ་བྱས་ཏེ་འགྲོ་མིའི་ཐོབ་ཐང་ལས་འཛིན་གྲོས་ཚོགས་ནས་རྒན་པའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འཐུས་མིས་ཚེས་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་བཞི་བའི་གྲོས་ཚོགས་སྟེང་རྒྱལ་ཁབ་བརྒྱད་ཅུ་ཙམ་གྱི་ཚབ་བྱས་ཏེ་ཐུན་མོང་གཏམ་བཤད་སྤེལ་ནས། སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་བཏང་སྟེ་རྒན་པའི་ཁེ་དབང་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། ཐུན་མོང་གཏམ་བཤད་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་མི་གྲངས་རྒན་པ་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། སྤྱི་ཚོགས་འགན་སྲུང་གི་རྒྱུན་མཐུད་རང་བཞིན་མི་འདང་བ་དང་། རྒན་གསོའི་ཞབས་ཞུ་དེ་ས་ཁུལ་སོ་སོར་དོ་མཉམ་མིན་པ། རྒན་པར་མཐོང་ཆུང་ཐེབས་པ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་འབུར་ཐོན་དུ་འགྱུར་བཞིན་ཡོད། ཇི་ལྟར་སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་བཏང་ནས་རྒན་པའི་ཁེ་དབང་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་སོ་སོས་མྱུར་མོར་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

ཐུན་མོང་གཏམ་བཤད་ལས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། བཀག་མེད་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འདོད་བློ་སྣ་གསུམ་བཏོན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།