ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་གཟའ་འཁོར་འདི་ནས་བཟུང་ནེ་ཀྲིར་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སི་ཡིས་གཟའ་འཁོར་འདི་ནས་བཟུང་ནེ་ཀྲིར་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་དེའི་སྔོན་ཧྥ་རན་སི་ཡིས་ལོ་མཇུག་གི་སྔོན་ལ་དམག་དཔུང་ཕྱིར་འཐེན་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེ་ཡི་མཁའ་དམག་རྟེན་གཞིར་ཧྥ་རན་སིའི་དམག་མི་སྟོང་གཅིག་ཙམ་བཅའ་སྡོད་བྱས་ཡོད་པ་དང་། ནེ་ཀྲིར་ནུབ་བྱང་ཕྱོགས་ཀྱི་མཱ་ལི་དང་པུའུ་ཁི་ནཱ་ཧྥ་སོ་ལ་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་དམག་མི་བཞི་བརྒྱ་ཙམ་བཅའ་སྡོད་བྱས་ཡོད། ཚོད་དཔག་བྱས་པ་ལྟར་ན་ནེ་ཀྲིར་ནུབ་བྱང་ཕྱོགས་སུ་སྡོད་པའི་བཅའ་སྡོད་དམག་དཔུང་སྔོན་ལ་ཕྱིར་འཐེན་བྱེད་རྒྱུ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།