ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་ལ་བར་སྣང་འཇབ་རྒོལ་བྱས་ནས། དམིགས་འབེན་བཅུ་ཕྲག་འགར་གཏོར་བཤིག་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་དགོང་མོར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཏའེ་ལི་ཁི་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། སྣུམ་ཁྲོན་དང་བཙན་རྫོང་། བྲག་ཕུག་སོགས་དམིགས་འབེན་སུམ་ཅུར་གཏོར་བཤིག་བཏང་བར་མ་ཟད། འཇིགས་སྐུལ་ཉེས་ཅན་མང་བོ་ཚར་གཅོད་བྱས།

དེ་ནི་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་ཉེ་སྔོན་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཐུར་ཁེའི་དམག་དཔུང་གིས་ཐོག་དང་པོར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ཡིན་ལ། དེའི་སྔོན་ཐུར་ཁེའི་དམག་དཔུང་གིས་སོ་སོར་ཚེས་གཅིག་ཉིན་དང་ཚེས་གསུམ་ཉིན། ཚེས་བཞི་ཉིན་བཅས་ཀྱི་དགོང་མོར་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།