ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ནས་ས་ཁུལ་གྱི་འཐབ་ཇུས་སོགས་གྲོས་གཞི་གཙོ་བོར་བཟུང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གསུམ་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཚེས་ལྔ་ཉིན་སི་ཕན་ལྷོ་ཕྱོགས་ཀྱི་ཀི་ལཱ་ནཱ་ཏཱ་གྲོང་ཁྱེར་ནས་སྤེལ། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་པ་ལྔ་བཅུ་ཙམ་གྲོས་ཚོགས་ལ་ཞུགས་ཏེ། ས་ཁུལ་གྱི་འཐབ་ཇུས་དང་གྲངས་ལྡན་ཅན། ནུས་ཁུངས། ཁོར་ཡུག ལྷད་མེད་སྤོར་བསྒྱུར་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་མོལ་བྱས།

སྐབས་འདིའི་གྲོས་ཚོགས་ལ་བྱ་བའི་ཚན་ཆུང་བཞི་བཀོད་སྒྲིག་བྱས་ཡོད་ཅིང་། གཙོ་བོ་འཐབ་ཇུས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཁྱད་པར་དུ་ས་ཁུལ་དེའི་མདུན་དུ་ལྷགས་པའི་འགྲན་རྩོད་དེ། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་ཤུགས་རྐྱེན་དང་གྲངས་ལྡན་ཅན། ནུས་ཁུངས་སྤོར་བསྒྱུར། མིའི་ཐབས་ཀྱི་རིག་ནུས་ཀྱི་ལྟ་རྟོག་དོ་དམ་དང་འཕེལ་རྒྱས་སོགས་ལ་གྲོས་བསྡུར་བྱས། སི་ཕན་གྱིས་ད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་དུས་ཡུན་ལོ་ཕྱེད་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པ་འཛུགས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་ཡོ་རོབ་གླིང་མནའ་འབྲེལ་མ་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་དག་གིས་སྒྲོམ་གཞི་དེའི་ནང་ཆབ་སྲིད་མཉམ་ལས་ཀྱི་བར་སྟོང་གསར་བ་འཚོལ་ཞིབ་བྱེད་དགོས་པའི་གྲོས་གཞི་བཏོན། ལོ་དེའི་ཟླ་བཅུ་བར། སྐབས་ཐོག་མའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཅེ་ཁི་ནས་བསྡུས་པ་དང་། ད་ལོའི་ཟླ་དྲུག་པར། སྐབས་གཉིས་པའི་གྲོས་ཚོགས་དེ་མའོ་ཨར་ཏའོ་ཝ་ནས་བསྡུས།

དབྱེ་ཞིབ་མི་སྣས་བལྟས་ན། སྐབས་རེའི་ཚོགས་ཡུན་ཉིན་གཅིག་གི་གྲོས་ཚོགས་དེ་ཕྱི་འབྲེལ་གྱི་ཚུགས་ཀ་ཙམ་ཡིན་པར་འདོད།

སྐབས་རྗེས་མའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་དབྱིན་ཇི་ནས་བསྡུ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།