ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་དང་ཨུ་རུ་སི་ཡིས་ད་ལོའི་ལོ་མཇུག་བར་མུ་མཐུད་དུ་རྡོ་སྣུམ་གྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་ནུས་ཁུངས་པུའུ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་ཀྱིས་ད་ལོའི་ལོ་མཇུག་བར་དུ་ཉིན་རེར་ཟོ་ས་ཡ་གཅིག་ཡིན་པའི་རྡོ་སྣུམ་ཐོན་ཚད་རང་འགུལ་གྱིས་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་ཡིས་ཀྱང་ཉིན་དེར་བསྟན་དོན། ཨུ་རུ་སི་ཡིས་ད་ལོའི་ལོ་མཇུག་བར་མུ་མཐུད་དུ་རང་འགུལ་གྱིས་ཉིན་རེར་རྡོ་སྣུམ་ཟོ་འབུམ་གསུམ་གྱི་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར།

ད་ལོའི་ཟླ་བཞི་བར། སོ་ཏི་ཨ་རབ་དང་ཨུ་རུ་སི་ཡིས་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་ཡང་བསྐྱར་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཁ་སྣོན་བྱས་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།