ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དགུ་བའི་འཛམ་གླིང་རིག་གནས་འཕེལ་རྒྱས་གླེང་སྟེགས་དབྱི་སི་རལ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དགུ་བའི་འཛམ་གླིང་རིག་གནས་འཕེལ་རྒྱས་གླེང་སྟེགས་དེ་ཚེས་གཉིས་ཉིན་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ནས་སྤེལ། དབྱི་སི་རལ་དང་ཀྲུང་གོ། ཨ་མེ་རི་ཁ། དབྱིན་ཇི་སོགས་རྒྱལ་ཁབ་ནས་ཡོང་བའི་ཆེད་མཁས་པ་བཞི་བཅུ་ལྷག་གིས་སློབ་གསོ་དང་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་གི་ཐུན་མོང་ལྟ་ཚུལ་ཞེས་པའི་བརྗོད་སྙིང་འདིར་དམིགས་ནས་ཞིབ་བསྡུར་བྱས།

སྐབས་འདིའི་གླེང་སྟེགས་ནི་ཧུའུ་པེ་སློབ་ཆེན་མཐོ་རིམ་མི་གཞུང་ཞིབ་འཇུག་ཁང་དང་། ཧྭ་ཀྲུང་དགེ་ཐོན་སློབ་ཆེན་ཆབ་སྲིད་རིག་པའི་སྡེ་ཁག་ཆབ་སྲིད་མཚན་ཉིད་རིག་པའི་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་མི་དམངས་སློབ་ཆེན་གུས་སྲོལ་རིག་པ་དང་ཀུན་སྤྱོད་འཛུགས་སྐྲུན་ཞིབ་འཇུག་ལྟེ་གནས་སོགས་རྒྱལ་ནང་གི་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་ལས་ཁུངས་བཅུ་ལྷག་དང་། དབྱི་སི་རལ་གྱི་ཅི་པུའུ་ཙི་སློབ་གསོའི་ལག་རྩལ་དང་སྒྱུ་རྩལ་སློབ་གླིང་། ཐི་ལཱ་ཝེ་ཧྥུའུ་སློབ་ཆེན་ཁུང་ཙི་སློབ་གླིང་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།

དབྱི་སི་རལ་གྱི་ཧྥུའུ་དབྱེ་ཨར་སི་ཐན་སློབ་གསོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་ཧྥུའུ་དབྱེ་ཨར་སི་ཐན་གྱིས་ཚོགས་ཐོག་ནས་མིའི་ཐབས་ཀྱི་རིག་ནུས་དུས་སྐབས་ཀྱི་སློབ་གསོའི་བྱེད་ཐབས་ཀྱི་བཅོས་བསྒྱུར་ལ་གྲོས་བསྡུར་བྱས། ཁོས་བལྟས་ན་སློབ་གསོ་ནི་གཅིག་རྐྱང་གི་ཤེས་བྱ་བརྒྱུད་སྒྲོག་བྱེད་པ་ནས་སློབ་མས་ཇི་ལྟར་བྱ་དངོས་གསར་བར་རྒྱུས་ལོན་བྱེད་པ་དང་། ཇི་ལྟར་བསམ་ཕྱོགས་གསར་བ་བཀོལ་ནས་གནད་དོན་ལ་བསམ་གཞིགས་གཏོང་པ་དང་གནད་དོན་ཐག་གཅོད་བྱེད་པ་ཁྲིད་པའི་ཕྱོགས་སུ་བསྒྱུར་དགོས་པར་འདོད།

གླེང་སྟེགས་སྟེང་རྒྱལ་ཁབ་སོ་སོའི་ཆེད་མཁས་པས་ད་རུང་མིའི་རིགས་ཀྱི་དཔལ་ཡོན་སྒྲིག་ལམ་བསྐྱར་འཛུགས་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་། སྤྱི་དམངས་ཀྱི་ཀུན་སྤྱོད་རིན་ཐང་སོགས་ཀྱི་གླེང་གཞིའི་ཐད་ནས་གྲོས་བསྡུར་བྱས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།