ཀྲུང་གོ་བོད་ཀྱི་དྲ་བ།

དངུལ་ལོར་ཚད་བརྒལ་འགྲེམ་པར་ངོ་རྒོལ་བྱེད་ཆེད་དབྱིན་ཇིའི་མེ་འཁོར་ཁ་ལོ་བས་ལས་བསྐྱུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་མེ་འཁོར་ཁ་ལོ་བས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ལས་བསྐྱུར་བྱ་འགུལ་སྤེལ་ནས། དངུལ་ལོར་ཚད་བརྒལ་འགྲེམ་པ་དང་འཚོ་བའི་མ་རྩ་ཇེ་མཐོར་སོང་བར་ངོ་རྒོལ་བྱས། དབྱིན་ཇིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ལས་བསྐྱུར་དེ་ཉུང་མཐར་ཡང་མེ་འཁོར་ཀུང་ཟི་བཅུ་དགུར་འབྲེལ་བ་ཡོད་པ་དང་། ལས་བསྐྱུར་བྱ་འགུལ་ལས་མང་ཚོགས་ཀྱི་འགྲུལ་བཞུད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ཟླ་རྗེས་མར་དབྱིན་ཇིའི་ལྕགས་ལམ་དང་མཚོ་འགྲུལ། གཞུང་ལམ་བཅས་ཀྱི་སྐྱེལ་འདྲེན་བཟོ་ཚོགས་ཀྱི་ཁོངས་མིས་ཀྱང་ཡང་བསྐྱར་ལས་བསྐྱུར་བྱ་འགུལ་སྤེལ་བའི་འཆར་གཞི་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།