ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་པུས་ལཱ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་གཅིག་བསད་ཟེར།

ཕཱ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་པུས་ལཱ་གྲོང་ཁྱེར་དུ་ཡོད་པའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཞིག་གི་ཉེ་འདབས་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་ལ་མེ་མདས་བརྒྱབ་སྟེ། མི་གཅིག་བསད་པ་དང་མི་གཅིག་ལ་རྨས་ཕོག མིག་སྔར་འདས་པོའི་བེམ་པོ་དང་རྨས་མ་དེ་དབྱི་སི་རལ་གྱི་དམག་དཔུང་གིས་བཀག་འཇུག་བྱས་ཡོད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་གཉིས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་ལ་འབར་རྫས་དམ་བུ་གཡུགས་ནས་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མདེལ་དངོས་མ་བཀོལ་ནས་རྒོལ་ལན་སྤྲད་པ་ཡིན་ལ། དབྱི་སི་རལ་གྱི་དམག་དཔུང་ལ་འཁྲུག་རྩོད་ཁྲོད་ཤི་རྨས་བྱུང་མེད་ཟེར།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།