ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་གཞིས་སྡོད་མིའི་ཁེ་དབང་ལ་གནོད་སྐྱེལ་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འཐུས་མིས་ཚེས་ཉེར་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་བཞི་བའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། ཨོ་སི་ཁྲུ་ལི་ཡཱ་སོགས་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གཞིས་སྡོད་མི་དམངས་ཀྱི་ས་ཞིང་ཐོན་ཁུངས་འཕྲོག་ལེན་དང་། ཡ་ང་བའི་སྒོ་ནས་གཡོག་ཏུ་བཀོལ་བ། གཞི་རྒྱ་ཆེ་བའི་དམར་གསོད་བཅས་བྱས་མྱོང་ཡོད་ལ། ད་ལྟའི་བར་སྔར་བཞིན་མཐོང་ཆུང་རང་བཞིན་གྱི་བཅའ་ཁྲིམས་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ལ། དུས་ཡུན་རིང་བོར་མ་ལག་ལྡན་པའི་སྒོ་ནས་གཞིས་སྡོད་མི་དམངས་ཀྱི་གཞི་རྩའི་འགྲོ་མིའི་ཐོབ་ཐང་གང་རུང་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར།

ཀྲུང་གོའི་འཐུས་མིས་བསྟན་དོན། གོང་སྨྲས་རྒྱལ་ཁབ་དག་གིས་རང་སྟེང་གི་གཞིས་སྡོད་མིའི་ཁེ་དབང་ལ་གནོད་པ་བཟོས་པའི་བྱ་སྤྱོད་སྣང་མེད་དུ་བསྐྱུར་བར་མ་ཟད། བརྡ་འཕྲིན་རྫུན་མ་བསྒྲགས་ནས་རྒྱལ་ཁབ་གཞན་པར་དངོས་མེད་ཀྱི་སྐྱོན་འཛུགས་མང་དུ་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དག་གིས་རང་སྟེང་གི་འགྲོ་མིའི་ཐོབ་ཐང་གི་ཉེས་སྤྱོད་ལ་གདོང་གཏད་ནས་ལོ་རྒྱུས་ཀྱི་འགན་འཁྲི་དང་འགྲོ་མིའི་ཐོབ་ཐང་གི་འོས་འགན་ཁུར་དུ་ལེན་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།