ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་བར་གནས་སྤོར་སྡོད་དམངས་གནད་དོན་ཐད་འགལ་བ་གནས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28་ཉིན་ཉིན་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་པེ་ཨར་པའོ་ཁི་ཡིས་པའོ་ལིན་ནས་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་ལ་ཐུག་འཕྲད་བྱས།

པེ་ཨར་པའོ་ཁི་ཡིས་གྲོས་མོལ་བྱས་རྗེས་བསྟན་དོན། འཇར་མན་གྱིས་མུ་མཐུད་དུ་དམངས་ཁྲོད་ཀྱི་མཚོ་ཐོག་རྒུད་སྐྱོབ་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཐཱ་ཡཱ་ནེ་ཡིས་བསྟན་དོན། འཇར་མན་གྱི་བྱེད་ཐབས་དེ་ལས་གནས་སྤོར་སྡོད་དམངས་དག་དབྱི་ཐཱ་ལེ་རུ་ཡོང་བར་རོགས་འདེགས་བྱེད་སྲིད་ཟེར།

དབྱི་ཐཱ་ལེ་ནི་གནས་སྤོར་སྡོད་དམངས་དག་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་ནས་གྲུ་གཟིངས་ལ་བསྡད་དེ་ས་དཀྱིལ་མཚོ་ཁོངས་བརྒྱུད་ནས་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཏུ་བགྲོད་པའི་སྐམ་སའི་གནས་གཙོ་བོ་ཞིག་ཡིན་ལ། དེའི་སྔོན་དབྱི་ཐཱ་ལེའི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་དམངས་ཁྲོད་རྒུད་སྐྱོབ་གྲུ་གཟིངས་ནི་གནས་སྤོར་སྡོད་དམངས་ཀྱི་སྐྱེལ་འདྲེན་གྲུ་གཟིངས་སུ་གྱུར་ཡོད་པར་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།