ཀྲུང་གོ་བོད་ཀྱི་དྲ་བ།

མོ་ཞི་ཁོ་རུ་ཆུ་ལོག་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཞི་ཁོའི་ནུབ་རྒྱུད་ཧ་ལི་སི་ཁོ་མངའ་སྡེའི་སྲིད་གཞུང་གིས་ཚེས25ཉིན་བཤད་རྒྱུར། མངའ་སྡེ་དེའི་ཨའོ་ཐེ་ལན-ཏེ་ན་ཝ་ལའོ་གྲོང་ཁྱེར་དུ་དྲག་ཆར་ལས་ཆུ་ལོག་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་བ་དང་མི9གར་སོང་ཆ་མེད་དུ་གྱུར།

ཧ་ལི་སི་ཁོ་མངའ་སྡེའི་སྲིད་གཞུང་གིས་སྤྱི་འབྲེལ་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་དོན། ཉིན་དེའི་ཐོ་རེངས་སྐབས་ཨོ་ཐེ་ལན-ཏེ་ན་ཝ་ལའོ་གྲོང་ཁྱེར་དུ་དྲག་ཆར་བབས་ཏེ་ཆུ་ལོག་བྱུང་ཞིང་། དོན་རྐྱེན་བྱུང་སའི་ཆུ་བོའི་འགྲམ་གྱི་སྡོད་ཁང་དང་བགྲོད་ལམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས། ས་གནས་དེ་གའི་སྲིད་གཞུང་གིས་མང་ཚོགས་ལ་གནོད་འཚེ་འགོག་སྲུང་གི་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་བྱས།

ལོ་རེའི་ཟླ5པ་ནས་ཟླ9པའི་བར་ནི་མོ་ཞི་ཁོའི་ཆར་དུས་ཡིན་ཞིང་ལོ་ཧྲིལ་པོའི་ཆར་བ་འབབ་ཚད་ཀྱི75%ཆར་དུས་སུ་བབས་པ་རེད། མོ་ཞི་ཁོའི་གནམ་གཤིས་སྡེ་ཁག་གིས་ཨེ་ཨར་ཉི་ནུའོ་སྣང་ཚུལ་སོགས་ཀྱི་ཤུགས་རྐྱེན་གྱིས་ད་ལོའི་ཆར་དུས་ལོ་མཇུག་བར་རྒྱུན་བསྲིང་རྒྱུ་ཡིན་པར་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།