ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་ཡིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཡོན་ཀྲང་ལ་འཛིན་བཟུང་བཀའ་རྒྱའི་མིང་ཐོ་ནང་བཀོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཨུ་རུ་སུའི་ནང་སྲིད་པུའུ་ཡི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་དོན། ཨུ་རུ་སུ་ཡིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཡོན་ཀྲང་པི་ཏེ·ཧོ་ཧྥུའུ་མན་སི་ཅི་ལ་འཛིན་བཟུང་བཀའ་རྒྱའི་མིང་ཐོ་ནང་བཀོད་པ་རེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ད་ལོའི་ཟླ3པར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ“འཛིན་བཟུང་བཀའ་རྒྱ”བཏང་བ་རེད།

ཐ་སི་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ནང་། “པི་ཏེ·ཡུའེ་སེ་ཧྥུའུ·ཧའོ་ཧྥུ་མན་སི་ཅི་ནི་ཕོ་ལན་རྒྱལ་ཁབ་ཀྱི་མི་ཡིན་ལ།《ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་དོན་ཁྲིམས་གཞུང》ལྟར་ན། འཛིན་བཟུང་བྱ་ཆོག”པར་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།