ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་རྒྱལ་བོ་ཧྥ་རན་སེར་འཚམས་འདྲི་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སེར་འཚམས་འདྲི་གནང་བཞིན་པའི་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་ཚེས21ཉིན་ཧྥ་རན་སེའི་གྲོས་ཁང་གོང་མ་རུ་གཏམ་བཤད་གནང་སྟེ། དབྱིན་ཇི་དང་ཧྥ་རན་སེ་གཉིས་བར་གྱི་མཛའ་མཐུན་འབྲེལ་བར་ཤུགས་བསྣན་རྒྱུ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་ཐུན་མོང་ཐོག་འབད་བརྩོན་བྱ་དགོས་ཞེས་འབོད་སྐུལ་གནང་།

པར་འདི་ནི་ཟླ9པའི་ཚེས20ཉིན་ཧྥ་རན་སིའི་པ་ལིའི་ཉེ་འདབས་ཀྱི་ཧྥན་ཨར་སེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང(གཡས་གཉིས་པ)དང་ལྕམ་མོ་པུའུ་ལི་ཅི་ཐེ·མཱ་ཁེ་ལུང(གཡས་དང་པོ)གཉིས་ཀྱིས་གསོལ་སྟོན་དུ་ཕེབས་པའི་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་རྒྱལ་མོ་ཁ་སྨི་ལ་རྣམ་གཉིས་ལ་ཕེབས་བསུ་ཞུ་བའི་རྣམ་པ་རེད།

ཁྲ་ཨར་སི་སྐུ་ཕྲེང་གསུམ་པས་གཏམ་བཤད་གནང་སྐབས། དབྱིན་ཧྥ་བར་གྱི་མཛའ་མཐུན་གྲོས་ཡིག་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་ལ་གཞོལ་བའི་མཛའ་མཐུན་འབྲེལ་བ་རྒྱ་བསྐྱེད་རྒྱུ་དང“གནམ་གཤིས་དང་སྐྱེ་དངོས་སྣ་མང་རང་བཞིན་ཁྱབ་ཁོངས་སུ་ཚུད་པའི་གོ་ལ་ཧྲིལ་པོའི་ཛ་དྲག་གི་གནས་ཚུལ་ལ་དེ་ལས་ཀྱང་ནུས་ལྡན་ངང་ཁ་གཏད་གཅོག་དགོས”ཞེས་པའི་གྲོས་མགོ་ཡང་བཏོན་པ་རེད། གཏམ་བཤད་གནང་སྐབས་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་དང་གྲོས་ཁང་གོང་མའི་གྲོས་མི300ལྷག་ཞུགས་ཡོད་པ་རེད།

ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་རྒྱལ་མོ་ཁ་སྨི་ལ་ཡིས་ཟླ་འདིའི་ཚེས20ཉིན་ནས་བཟུང་ཧྥ་རན་སེ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་སྔོན་དཔག་བྱས་ན་ཚེས22ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།

པར་འདི་ནི་ཟླ9པའི་ཚེས20ཉིན་ཧྥ་རན་སིའི་པ་ལིའི་ཉེ་འདབས་ཀྱི་ཧྥན་ཨར་སེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང(གཡས་གཉིས་པ)གིས་གསོལ་སྟོན་དུ་ཕེབས་པའི་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་ལ་ཕེབས་བསུ་ཞུ་བའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས20ཉིན་ཧྥ་རན་སིའི་པ་ལིའི་ཉེ་འདབས་ཀྱི་ཧྥན་ཨར་སེ་ཕོ་བྲང་དུ་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་གསོལ་སྟོན་མཛད་སྒོའི་ཡུལ་དངོས་སུ་ཕེབས་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།