ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལེགས་བཅོས་གནས་ཚུལ་ཚང་མ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས10ཉིན་ཁྱབ་བསྒྲགས་བྱས་དོན། ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་དྲུག་པའི་ཧོ་པེ་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས། ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་ལྟ་ཞིབ་དག་ཐེར་བཅོས་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས། དེར་བརྟེན། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལེགས་བཅོས་གནས་ཚུལ་ཚང་མ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། 2019ལོ་དང2022ལོར། ཐེངས་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་སྐོར་དྲུག་དབྱེ་སྟེ་ཞིང་ཆེན(ཆུས་དང་གྲོང་ཁྱེར)31དང་ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གཉིས། ཀྲུང་དབྱང་གི་ཁེ་ལས6བཅས་ལ་ལྟ་ཞིབ་བྱས།

ལྟ་ཞིབ་དག་ཐེར་བཅོས་སྐྱོང་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གོ་རིམ་གལ་ཆེན་ཡིན་ཞིང་། དེ་ནི་ལྟ་ཞིབ་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་མཚོན་རྟགས་གལ་ཆེན་ཡིན། 2023ལོའི་ཟླ6པའི་ཟླ་མཇུག་བར་དུ། སྐོར་ཐེངས་གཉིས་པའི་ལྟ་ཞིབ་དག་ཐེར་བཅོས་སྒྲིག་ཇུས་གཞིའི་ཁྲོད་གཏན་ཁེལ་བྱས་པའི་དག་ཐེར་བཅོས་སྒྲིག་ལས་འགན2164ཁྲོད། རྣམ་གྲངས1398ལེགས་འགྲུབ་བྱས་ཤིང་། ལེགས་འགྲུབ་བྱེད་ཚད65%ཟིན། བཅོས་སྒྲིག་ལས་འགན་གཞན་དག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན།

ཞིང་ལྗོངས5དང་ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ལྟ་ཞིབ་དག་ཐེར་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནད་དོན་སྐོར་མང་པོ་ཞིག་ལ་ཕན་ནུས་ལྡན་པར་ཐག་གཅོད་བྱས།

ལྟ་ཞིབ་དག་ཐེར་བྱེད་པའི་རིང་། ཧོ་པེ་ཞིང་ཆེན་གྱིས་པའེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཞུང་ཨན་ཁུལ་གསར་རོང་ཁྲེང་རྫོང་དང་ཨན་ཞིན་རྫོང་། འདམ་གཞུང་རྫོང་བཅས་རྫོང་གསུམ་གྱི་གྲོང་ཁུལ་དུ་བསྡོམས་པས་ཆར་པ་དང་བཙོག་ཆུ་ཁག་བགོས་མདོང་ལམ་དྲ་བ་སྤྱི་ལེ79བསྒྱུར་བཀོད་བྱས་པ་དང་། ཡུག་ཁུལ་གསར་དུ་བསྐྲུན་པའི་ཆར་པ་དང་བཙོག་ཆུ་ཁག་བགོས་བཀོད་སྒྲིག་འཛུགས་སྐྲུན་དེ་ཡུག་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་འཕེལ་རིམ་དང་ཆབས་ཅིག་དུས་གཅིག་ཏུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ཅང་སུའུ་ཞིང་ཆེན་གྱིས་རེས་སྐོར་གསར་པའི་ཐའེ་ཧུའུ་མཚེའུ་ཡི་བཅོས་སྐྱོང་བྱེད་མགོ་ཚུགས་པ་དང་། ཐའེ་ཧུའུ་མཚེའུ་ཡི་ཆུ་སྔོ་སྔོན་ཧྭ་ཡི་ཆ་སྙོམས་རྒྱ་ཁྱོན་དང་གཞི་ཁྱོན་ཆེ་ཤོས་སོ་སོར10.5%དང46.8%ཆག་པ་དང་། གཙང་རྒྱུད་སྐྱེ་ཁམས་འགྲམ་རྒྱུད་ཀྱི་བསྡུར་ཚད64.1%བར་ཇེ་མཐོར་སོང་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱིས“མཚེའུ་གཅིག་དང་མཚོ་གཉིས”དང་ཁྲ་ཧན་ནོར་གྱི་སྲུང་སྐྱོང་བཅོས་སྐྱོང་རྣམ་གྲངས64ལག་བསྟར་བྱས་པ་དང་ཧུའུ་ལུན་མཚེའུ་དང་། ཝུའུ་ལེང་སུའུ་ཧའེ། ཏའེ་ཧའེ་བཅས་ཀྱི་ཆུ་སྤུས་བརྟན་བརླིང་དུ་ཕྱིན་ནས་ཁྲ་ཧན་ནོར་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བརྟན་ཞིང་ཇེ་ལེགས་སུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཀྱི་རིགས་ཆེ་གྲས་གསུམ་གྱི་ལས་གཞི་ཁག10ལག་བསྟར་བྱས་པ་དང་། 2022ལོར་ས་ཆུ་ཤོར་བ་ཁྱོན་སྤྱི་ལེ་གྲུ་བཞི་མ942.88བཅོས་སྒྲིག་བྱས། ནགས་གསོ་མུའུ་ཁྲི117.9ལེགས་འགྲུབ་བྱས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་འཚོ་བའི་བཙོག་ཆུ་བསྐྱར་སྐྱེས་བེད་སྤྱོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། རིམ་པ་དང་པོའིAཡི་བཙོག་འབུད་ཚད་གཞིར་སླེབས་པའི་བཙོག་ཆུ་གཙང་སེལ་བཟོ་གྲྭ102བསྐྲུན་པ་དང་། “དགུན་གསོག་དབྱར་འདྲེན”ཁྲོད་ཀྱི་ཆུ་མཛོད(བར་མ)56འཛུགས་སྐྲུན་ལེགས་འགྲུབ་བྱས། 2022ལོར་འཚོ་བའི་བཙོག་ཆུ་བསྐྱར་སྐྱེས་སྤྱོད་ཚད43.4%ཟིན་ཡོད། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གཙོ་གནད་ཆུ་བོ་དང་མཚེའུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྤྱོད་ཆུ་ཁ་གསབ་བྱེད་པར་འགན་ལེན་ཏན་ཏིག་བྱས་ནས། 2022ལོར་ཁུའེ་སྡོད་ཆུ་བོ་དང་ཆུ་ཡུར་གསར་པའི་འོག་གི་སྐྱེ་ཁམས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི15425ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།