ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་འགྲིམ་འགྲུལ་ལག་རྩལ་དང་སྒྲིག་ཆས་འགྲེམ་ཚོགས་སྐབས་བཅོ་ལྔ་པ་པེ་ཅིན་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་གླིང་སྡེ་ཚོགས་ཚད་ཡོད་ཀུང་སིས་འགྲེམ་སྟོན་བྱས་པའི་སྒུལ་འཁོར་གྱི་མ་དཔེ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས25ནས27ཉིན་བར། རྒྱལ་སྤྱིའི་འགྲིམ་འགྲུལ་ལག་རྩལ་དང་སྒྲིག་ཆས་འགྲེམ་ཚོགས་སྐབས་བཅོ་ལྔ་པ་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས། ཐེངས་འདིའི་འགྲེམ་ཚོགས་ཀྱིས“འགྲིམ་འགྲུལ་གནམ་འོག གསར་གཏོད་སྣེ་ཁྲིད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་སྔོན་ཐོན་ལག་རྩལ་སྒྲིག་ཆས་དང་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་རྣམས་འགྲེམ་སྟོན་བྱས་ཡོད་པ་རེད། །

པར་འདི་ནི་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ600ཡིན་པའི་མྱུར་བགྲོད་ཁབ་ལེན་འཕྱོ་གཡེང་མེ་འཁོར་གྱི་མ་དཔེ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་ལྟད་མོ་བས་ཀའོ་ཅ་སུའོ་རྟགས་ཅན་གྱི་འཕྲུལ་སྒུལ་མ་དཔེ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་ལྟད་མོ་བས་འགྲེམ་ཁུལ་ཡུལ་དངོས་སུ་ལྟད་མོ་ལྟ་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཀྲུང་གོ་འཛུགས་སྐྲུན་ཅུའུ་གསུམ་པས་འགྲེམ་སྟོན་བྱས་པའི་ཨར་ལས་འཕྲུལ་ཆས་ཀྱི་མ་དཔེ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་ཀྲུང་གོ་འཛུགས་སྐྲུན་ཅུའུ་གསུམ་པའི་ལས་དོན་མི་སྣས5Gརྒྱང་ཁྲིད་ཚོད་འཛིན་འཕྲུལ་ཆས་ཀྱི་བཀོལ་སྟངས་འགྲེམ་སྟོན་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་བསྐྱར་དར་རྟགས་ཅན་གྱི་གློག་ཁུངས་གཉིས་ལྡན་གྱི160km/hསྒུལ་ནུས་མེ་འཁོར་གྱི་མ་དཔེ་རེད།

པར་འདི་ནི་ཞ་མོན་ཞང་ཨན་རྒྱལ་སྤྱི་གནམ་གྲུ་ཐང་གི་མེ་དཔེ་རེད།

པར་འདི་ནིC919རྟགས་ཅན་གྱི་གནམ་གྲུའི་མ་དཔེ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།