ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཞིང་སྡེ་པུའུ་ཡིས་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ཏེ་སྟོན་འབྲུ་ཐོན་སྐྱེད་ལ་འགན་སྲུང་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ8པའི་ཚེས1ཉིན་རྒྱུས་ལོན་པ་ལྟར་ན། ཛ་དྲག་ནམ་ཟླར་ཁ་གཏོད་པ་དང་ནད་འབུའི་གནོད་སྐྱོན་ཐེངས་མང་འབྱུང་བར་སྔོན་འགོག་བྱ་ཆེད། ཞིང་ལས་ཞིང་སྡེ་པུའུ་ཡིས་ཞིང་ཆེན་དང་ཡུག་ཁུལ་འགན་ལེན་གྱི་ཉིན100ཡི་སྟོན་འབྲུ་ལོ་ལེགས་འགུལ་སྐྱོད་སྤེལ་མགོ་བརྩམས་ཤིང་། ལས་བྱེད་མི་སྣ100དང་ཆེད་མཁས་པ354སྟོན་འབྲུ་ཐོན་སྐྱེད་བྱེད་པའི་ཞིང་ཆེན27དུ་མངགས་ནས། ཡུལ་དངོས་སུ་གནོད་འགོག་གནོད་འཕྲི་དང་ཐོན་སྐྱེད་མཐོར་འདེགས། སྟོན་འབྲུ་ཞིང་གཉེར་སོགས་ཀྱི་གཙོ་གནད་ལས་འགན་དངོས་འབེབས་ལ་མཛུབ་སྟོན་གནད་འཁེལ་གནང་།

མིག་སྔར་ནི་སྟོན་འབྲུ་ཐོན་སྐྱེད་ཀྱི་གནད་འགག་གི་དུས་སྐབས་ཡིན་ལ། ཞིང་ལས་ཞོད་ཐན་སྔོན་འགོག་གི་གནད་འགག་དུས་སྐབས་ཀྱང་ཡིན། རྒྱུས་ལོན་པ་ལྟར་ན། མིག་སྔའི་སྟོན་འབྲུ་ཐོན་སྐྱེད་ཁྲོད་སྲན་ཆེན་དང་མ་རྨོས་ལོ་ཏོག ཆུ་འབྲས་སོགས་ཀྱི་ཐད་གནས་པའི་གནད་དོན7ལ་དམིགས་ཏེ། ཞིང་ལས་ཞིང་སྡེ་པུའུ་འདེབས་འཛུགས་ལས་རིགས་དོ་དམ་སི་ཡིས་རྒྱལ་ཡོངས་ཞིང་ལས་ལག་རྩལ་ལྟེ་གནས་དང་མཉམ་འབྲེལ་སྒོས་ལག་རྩལ་མཛུབ་སྟོན་བསམ་འཆར་བཏོན་པ་དང་། སྐབས3ལ་ཆེད་དོན་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས། ཐེངས2ནས3ལ་གཞི་རིམ་ཡུལ་དངོས་སུ་ལག་རྩལ་མཛུབ་སྟོན་བྱས་ཏེ། ཆུ་གཏོར་ལུད་རྒྱག་གི་སྙོམས་སྒྲིག་དོ་དམ་ལ་ཤུགས་སྣོན་དང་ཚན་རིག་ལྟར་གནོད་འབུ་སྔོན་འགོག་བྱས་ནས་ནུས་ཤུགས་ཡོད་རྒུས་སྟོན་འབྲུ་ལོ་ལེགས་འབྱུང་བར་བརྩོན་ལེན་བྱ་རྒྱུ་རེད། །

II6中国藏族网通


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།