ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་འཕྲུལ་སྒུལ་རླངས་འཁོར་དུང་ཕྱུར4.26ཡོད་པ་དང་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི1620ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་སུ་འཕྲུལ་སྒུལ་རླངས་འཁོར་དུང་ཕྱུར4.26ཡོད་པ་དང་དེའི་ནང་རླངས་འཁོར་དུང་ཕྱུར3.28དང་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི1620ཡོད་ལ། འཕྲུལ་སྒུལ་རླངས་འཁོར་ཁ་ལོ་བ་དུང་ཕྱུར5.13དང་དེའི་ནང་རླངས་འཁོར་ཁ་ལོ་བ་དུང་ཕྱུར4.75ཡོད། མིག་སྔར། རྒྱལ་ཡོངས་སུ་བསྡོམས་པས་གྲོང་ཁྱེར88ཀྱི་རླངས་འཁོར་ཟིན་ཚད་ཁྲི100ལས་བརྒལ་བ་དང་། དེའི་ནང་པེ་ཅིན་དང་ཁྲིན་ཏུའུ་སོགས་གྲོང་ཁྱེར24ཡི་རླངས་འཁོར་ཁྲི300ལས་བརྒལ་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་ལ་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་རླངས་འཁོར་ཁྲི1688ཡོད་ལ་དུས་མཉམ་ལས1.9%འཕར་བ་དང་། དེའི་ནང་གསར་དུ་ཐོ་འགོད་བྱས་པའི་རླངས་འཁོར་ཁྲི1175དང་དུས་མཉམ་ལས5.8%འཕར་ཡོད། ཟླ6པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི1620ཡོད་པ་དང་དེའི་ནང་གློག་ཤུགས་རྐྱང་བའི་རླངས་འཁོར་ཁྲི1259.4དང་དེས་ནུས་ཁུངས་གསར་བའི་རླངས་འཁོར་སྤྱི་འབོར་གྱི77.8%ཟིན་ཡོད། ད་ལོའི་ལོ་སྟོད་ལ་གསར་དུ་ཐོ་འགོད་བྱས་པའི་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི312.8དང་དེས་གསར་དུ་ཐོ་འགོད་བྱས་པའི་རླངས་འཁོར་སྤྱི་གྲངས་ཀྱི26.6%ཟིན་པ་དང་། དུས་མཉམ་ལས41.6%འཕར་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བ་ཡིན།

ད་ལོའི་ལོ་སྟོད་ལ། རྒྱལ་ཡོངས་སུ་ཁ་ལོ་བའི་འཛིན་ཡིག་གསར་དུ་ལེན་མཁན་མི་ཁྲི1191ཡོད་པ་དང་དུས་མཉམ་ལས8%འཕར་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།