ཀྲུང་གོ་བོད་ཀྱི་དྲ་བ།

པུའུ་ཨུ་གཉིས་ཀྱིས་ཡིག་ཆ་བཀྲམས་ནས་སློབ་ཆེན་སློབ་མ་གཞི་རྩའི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔར་ལས་ལྷག་པར་སློབ་ཆེན་སློབ་མའི་གཞི་རྩའི་སྨན་བཅོས་དགོས་མཁོར་འགན་སྲུང་བྱེད་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་སློབ་གསོ་པུའུ་ཡིས་ཉེ་སྔོན《སློབ་ཆེན་སློབ་མ་གཞི་རྩའི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》འགྲེམ་སྤེལ་བྱས་ཏེ། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དཀྱིལ་མའི་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་ཚན་རིགས་ཀྱི་སློབ་མ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་བཅས་མཐོ་རིམ་སློབ་གྲྭ་གནས་སའི་གཞི་རྩའི་སྨན་བཅོས་འགན་སྲུང་དུ་ཞུགས་པར་སྐུལ་སློང་བྱས་ཏེ་སློབ་ཆེན་སློབ་མའི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་།

བརྡ་སྦྱོར་ལས། རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་དང་སློབ་གསོ་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་འགྲེལ་བཤད་བྱ་བར་དངོས་གནས་ཤུགས་བསྣན་ནས་སློབ་ཆེན་སློབ་མ་རྩ་དོན་སྟེང་སློབ་ཞུགས་ས་ཁུལ་དུ་སྨན་བཅོས་འགན་སྲུང་དུ་ཞུགས་པར་སྐུལ་ལྕག་བྱེད་དགོས། སྨན་བཅོས་འགན་སྲུང་སྡེ་ཁག་གིས2023ལོའི་ཟླ6པའི་ཟླ་མཇུག་སྔོན་དུ། རང་འགུལ་གྱིས་མཐོ་རིམ་སློབ་གྲྭ་དང་སློབ་ཆེན་སློབ་མའི་ཁྱུ་ཚོགས་ལ་འབྲེལ་གཏུགས་བྱས་ཏེ་གཅིག་བསྡུས་ངང་སྲིད་ཇུས་སྒྲོག་བཤད་སྤེལ་བ་དང་། སྲིད་ཇུས་ཤེས་རྟོགས་བྱུང་ཚད་མཐོར་འདེགས་བྱས་ནས་སློབ་ཆེན་སློབ་མའི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་དགོས་པ་གསལ་བོར་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།