ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པས2023ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་ལས་དོན་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་གུང་གཞོན་ཚོགས་པས་སློབ་ཆེན་སློབ་མའི་ལས་ཞུགས་བྱ་བར་སྐུལ་འདེད་གཏོང་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས“གུང་གཞོན་ཚོགས་པས་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོདལག་བསྟར་བྱས་ཏེ། 2023ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་བྱ་བར་དམ་འཛིན་བྱ་རྒྱུ་དང་། ལྷག་པར་ཏུ་སྤྱིར་བཏང་སློབ་གླིང་གི་ཁྱིམ་ཚང་ཡོང་སྒོ་དམའ་བའི་སློབ་མའི་ལས་ཞུགས་ལ་གནད་འཁེལ་རོགས་སྐྱོར་བྱ་རྒྱུ་རེད། དུས་མཚུངས་སུ། དངོས་སྦྱོང་ལག་ལེན་དང་སློབ་ཆེན་སློབ་མའི་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ། འབད་བརྩོན་ལྟ་བའི་སྣེ་ཁྲིད་སོགས་ཀྱི་བྱ་བར་སྤྱི་འདོམས་ཡག་པོ་བྱ་རྒྱུ་རེད།

 རྒྱུས་ལོན་པ་ལྟར་ན། 2023ལོའི“གུང་གཞོན་ཚོགས་པས་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོདསྤེལ་མགོ་བརྩམས་པ་ནས་བཟུང་། སྤྱིར་བཏང་སློབ་གླིང་གི་ཁྱིམ་ཚང་ཡོང་སྒོ་དམའ་བའི་སློབ་མའི་ལས་ཞུགས་རོགས་སྐྱོར་འཆར་གཞི་དང་། སློབ་ཆེན་སློབ་མའི་ནུབ་རྒྱུད་ལ་དང་བླངས་ཞབས་ཞུ་སྒྲུབ་པའི་འཆར་གཞི། སློབ་ཆེན་སློབ་མའི་ལས་སྐྲུན་རོགས་སྐྱོར་འཆར་གཞི། སློབ་ཆེན་སློབ་མའི་ལས་ཞུགས་སྣེ་འདྲེན་འཆར་གཞི། སློབ་ཆེན་སློབ་མའི་དངོས་སྦྱོང་མདུན་སྐྱོད་འཆར་གཞི། སློབ་ཆེན་སློབ་མའི་སྡེ་ཁུལ་གྱི་ལག་ལེན་འཆར་གཞི་སོགས་ལ་བརྟན་བརླིང་སྒོས་སྐུལ་འདེད་བཏང་།

ཟླ5པའི་ཚེས22ཉིན་བར་དུ། གུང་གཞོན་ཚོགས་པ་ཡོངས་ཀྱིས་ན་གཞོན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་ན་གཞོན་ཁེ་ལས་པའི་མཐུན་ཚོགས་འདུས་པའི་ཁེ་ལས་ཁྲི5.2ལ་ལས་གནས་ཁྲི89.7འདོན་སྤྲོད་བྱས་པ་དང་། གུང་གཞོན་ཚོགས་པའི་ལས་བྱེད་པ་ཁྲི3.6དང2023ལོའི་སྤྱིར་བཏང་སློབ་གླིང་གི་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་སློབ་མ། 2022ལོའི་ལས་ཞུགས་བྱས་མེད་པའི་སློབ་མར་ཁ་གཏད་ཀྱི་ཆ་སྒྲིག་བྱས་ཏེ། དེའི་ཁྲོད་ཀྱི་སློབ་མ་ཁྲི3.5ཡིས་ལས་གནས་རྙེད་པར་བདེ་བླག་ངང་རོགས་སྐྱོར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།