ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་པ་ཞིའི་ཙུང་ཐུང་གི་དབུ་བཞུགས་དམིགས་བསལ་བློ་འདྲི་ས་ཨ་མའོ་ལིན་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཚེས13ཉིན་པེ་ཅིན་དུ་སྔོན་ལ་ཀྲུང་གོར་ཡོང་བའི་པ་ཞིའི་ཙུང་ཐུང་གི་དབུ་བཞུགས་དམིགས་བསལ་བློ་འདྲི་ས་ཨ་མའོ་ལིན་ལ་ཐུག་འཕྲད་གནང་།

ཝང་དབྱི་ཡིས་བསྟན་དོན། ཙུང་ཐུང་ལུའུ་ལ་ཐེངས་འདིར་ཀྲུང་གོར་འཚམ་འདྲི་ཕེབས་པ་ནི་ཀྲུང་པ་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་རྟགས་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པ་ཡིན། མིག་སྔའི་འཛམ་གླིང་ནི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བར་འཕྲད་དེ། ཟང་ཟིང་གི་འཕོ་འགྱུར་དུས་ཚིགས་གསར་བར་སླེབས་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ལ་དང་མཉམ་དུ་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་རྣམ་པར་འཐབ་ཇུས་རང་བཞིན་གྱི་མཇལ་འཛོམས་གནང་རྒྱུ་ཡིན་པས། འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད་ཕྱོགས་གཉིས་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་གསར་བ་བཟོ་ངེས་ཡིན།

ཨ་མའོ་ལིན་གྱིས་བསྟན་དོན། པ་ཞི་ཕྱོགས་ཀྱིས་པ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཙུང་ཐུང་ལུའུ་ལའི་ཀྲུང་གོའི་འཚམ་འདྲི་ལ་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་སྲིད་པ་མ་ཟད་པ་ཀྲུང་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།