ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མ་ལ་ཝེ་དང་མའོ་སང་པུས་ཁུ་ལ་ཚ་ཁུལ་རླུང་འཚུབ་ཀྱིས་གནོད་སྐྱོན་ཐེབས་པར་མ་ལ་ཝེའི་ཙུང་ཐང་ཁྲ་ཁུ་ཝེ་ཨར་དང་མའོ་སང་པུས་ཁུའི་ཙུང་ཐུང་ཉིའུ་ཞི་ལ་འཚམ་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལ་ཝེ་དང་མའོ་སང་པུས་ཁུ་ལ་ཚ་ཁུལ་རླུང་འཚུབ་ཀྱིས་གནོད་སྐྱོན་ཐེབས་པར་མ་ལ་ཝེའི་ཙུང་ཐང་ཁྲ་ཁུ་ཝེ་ཨར་དང་མའོ་སང་པུས་ཁུའི་ཙུང་ཐུང་ཉིའུ་ཞི་ལ་འཚམ་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཚ་ཁུལ་རླུང་འཚུབ“ཧྥུའོ་ལེ་ཏི”ཡིས་མ་ལ་ཝེ་དང་མའོ་སང་པུས་ཁུ་རུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བཟོས་པ་ཤེས་པས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས། རྐྱེན་ལམ་དུ་ཤོར་མཁན་རྣམ་ལ་སེམས་གཏིང་ནས་མྱ་ངན་ཞུ་བ་དང་། དེའི་ཁྱིམ་མི་དང་རྨས་སྐྱོན་ཤོར་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམ་འདྲི་ཞུ་བ་ཡིན། ཁྱེད་རྒྱལ་ཁབ་ཀྱིས་གནོད་སྐྱོན་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པར་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།