ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ལ་རྒྱལ་དོན་འཚམ་འདྲི་མཇུག་སྒྲིལ་ནས་པེ་ཅིན་དུ་ལོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ལ་རྒྱལ་དོན་འཚམ་འདྲི་མཇུག་སྒྲིལ་ནས་པེ་ཅིན་དུ་ལོག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཆིན་ཀང་སོགས་འགྲོ་རོགས་མི་སྣ་དག་མཉམ་དུ་གནམ་གྲུར་བསྡད་ནས་ཕྱིར་ལོག

མའོ་སི་ཁོ་ནས་བྲལ་སྐབས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཆེའར་ནེ་ཧྲིན་ཁའོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་རྣམས་གནམ་གྲུ་འབབ་ཚིགས་སུ་ཕེབས་ནས་གཟབ་རྒྱས་ངང་སྐྱེལ་མའི་མཛད་སྒོ་བསྡུས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།