ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས“ཉིས་འཕྲི”ལྟ་སྐུལ་བྱ་བའི་ལམ་སྲོལ་འཐུས་ཚང་དུ་འཛུགས་དགོས་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ3པའི་ཚེས13ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉེ་ལམ་མུ་མཐུད་དུ“ཉིས་འཕྲི”ལྟ་སྐུལ་བྱ་བ་དེ་སློབ་གསོའི་ལྟ་སྐུལ་གྱི་བཟོ་འགོད་དང་པོར་བརྩིས་དགོས་པའི་སྐོར་གྱི་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ། 2023ལོའི“ཉིས་འཕྲི”ལྟ་སྐུལ་བྱ་བར་བཀོད་སྒྲིག་བྱས། བརྡ་སྦྱོར་ལས་བསྟན་དོན། ས་གནས་སོ་སོས་ལོ་གཉིས་སྔོན་གྱི་བྱ་བའི་རྨང་གཞིའི་སྟེང་། “ཉིས་འཕྲི”ལྟ་སྐུལ་བྱ་བའི་ལམ་སྲོལ་འཐུས་ཚང་དུ་འཛུགས་དགོས་ལ། སྲིད་དོན་ལྟ་སྐུལ་དང་སློབ་གསོ་ལྟ་སྐུལ། དཔྱད་འཇོག་བརྟག་བཤེར་གྱི་འགན་ནུས་ཁྲོད། བྱེད་ཐབས་སྣ་ཚོགས་གསར་སྐྲུན་བྱས་ཏེ། སློབ་གསོའི་ལྟ་སྐུལ་སློབ་སྟོན་གྱི་ལྟ་སྐུལ་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ལྟ་སྐུལ་གྱིས་ཉིས་འཕྲིར་སྐུལ་བ་དང་ལྟ་སྐུལ་གྱིས་ཕན་འབྲས་འདེགས་པར་སྐུལ་བ་མངོན་འགྱུར་བྱེད་དགོས།

བརྡ་སྦྱོར་ལས། མིག་སྔའི་བསླབ་ཚན་རིགས་ཀྱི་གསོ་སྦྱོང་མི་མངོན་གཞན་འགྱུར་དང་བསླབ་ཚན་རིགས་མ་ཡིན་པའི་གསོ་སྦྱོང་བཟང་ངན་མཉམ་འདུས་དང་སློབ་ཕྱིའི་གསོ་སྦྱོང་གི་གྲོན་བསྡུའི་ལྟ་སྐུལ་ཚད་ལྡན་མིན་པ་དང་། སྒྱུ་རྩལ་རྒྱུགས་ལེན་དང་རྒྱལ་ཕྱིའི་གསོ་སྦྱོང་བཅོས་སྐྱོང་གི་དཀའ་ཁག་ཆེ་བ། སློབ་གྲྭའི་སློབ་ཕྱིའི་ཞབས་ཞུ་ཆུ་ཚད་སྔར་བཞིན་མཐོར་འདེགས་བྱེད་དགོས་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ། གཙོ་བོ་ཕྱོགས་བཞིའི་ཐད་ནས“ཉིས་འཕྲི”ལྟ་སྐུལ་བྱ་བ་ལེགས་པོར་སྒྲུབ་དགོས་པ་སྟེ། གྲོང་ཁྱེར་དང་རྫོང་སྲིད་གཞུང་གི་གཙོ་གནད་ལྟ་སྐུལ་ནང་འཇུག་པ་དང་། འགན་འཁྲིས་སློབ་གསོར་ལྟ་སྐུལ་བྱེད་པའི་རྒྱུན་རྣམ་ལྟ་སྐུལ་ལ་བཀོད་སྒྲིག་མཛུབ་སྟོན་བྱེད་པ། རིམ་པ་སོ་སོའི་སློབ་གསོར་ལྟ་སྐུལ་བྱེད་པའི་ཆེད་དམིགས་ལྟ་སྐུལ་རྩ་འཛུགས་དང་བརྡ་ཁྱབ་འགན་འདེད་བྱེད་པའི་སྤྱི་བསྒྲགས་ལྟ་སྐུལ་ལ་ཤུགས་སྣོན་དགོས་པར་ནན་གྱིས་བསྟན་ཡོད།

བརྡ་སྦྱོར་ལས།  དུས་བཅད་ལྟར་བྱ་བའི་འཕེལ་རིམ་དལ་བ་དང་གནད་དོན་ཅུང་མང་པའི་གྲོང་ཁྱེར་དང་རྫོང་ལ་བརྡ་ཁྱབ་བཏང་ནས། གཙོ་གནད་ས་ཁུལ་དུ་ཐོན་པའི་འབུར་ཐོན་གནད་དོན་ལ་ཆེད་དམིགས་བརྡ་ཁྱབ་བཏང་སྟེ། ལས་ཀ་མི་སྒྲུབ་པ་དང་ལས་སྒྲུབ་དལ་བ་སོགས་ཀྱི་གནད་དོན་འོས་འཚམ་སྒོས་སྤྱི་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་ཚུར་སྣང་ཆེ་བའི་དཔེ་མཚོན་གནད་དོན་ལ་བྱང་འགེལ་བཤེར་སྒྲུབ་བྱེད་དགོས་པར་གསལ་བོར་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།