ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“ཀྲུང་གོ་དང་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ”ཡི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ 2པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ་དང་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ”ཡི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ་དང་ཕྱི་འབྲེལ་བཙུགས་པའི་ལོ་ངོ30རིང་། སྔ་རྗེས་སུ་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཁྱིམ་མཚེས་འཆམ་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་གསར་བ་ཞིག་ཏུ་བསྐྱོད་ཡོད་ལ། གསར་དར་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཀྲུང་གོས་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ་དང་མཉམ་དུ་ཐོན་ལས་དང་དངུལ་གཏོང་མཉམ་ལས་གཏིང་ཟབ་དུ་གཏོང་བ་དེས་ཕན་ནུས་ལྡན་པའི་སྒོ་ནས་ས་ཁོངས་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། ས་ཁུལ་གྱི་རྒྱལ་ཁབ་ཐོན་ལས་འཕེལ་རྒྱས་ཆུ་ཚད་དང་གོ་ལ་ཧྲིལ་བོའི་དཔལ་འབྱོར་ནང་ཞུགས་ཚད་མཐོར་འདེགས་སུ་བཏང་སྟེ། ཐུན་མོང་འཕེལ་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ། ཀྲུང་གོས་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ་དང་མཉམ་དུ་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་ཆ་མཉམ་སྤྱོད་བྱེད་པ་དང་། ཐོན་ལས་མ་ལག་དང་སྔོན་ཐོན་ལག་རྩལ་འཐུས་ཚང་དུ་གཏོང་བ་དང་། དངོས་བརྩོན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་མཉམ་འབྲེལ་བྱས་ཏེ་ཀྲུང་གོ་དང་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་ལས་དབང་གཅིག་མཐུན་ཚོགས་པ་སྔར་བས་དམ་ཟབ་ཏུ་གཏོང་འདོད་ཡོད།

“ཀྲུང་གོ་དང་ཨེ་ཤ་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ”ཡི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་དེ་ཉིན་དེར་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་དུ་མགོ་བརྩམས་ལ། བརྗོད་དོན་ནི་གཉིས་ཕན་མཉམ་རྒྱལ་གྱིས་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་མཉམ་འབྲེལ་བྱེེད་པ་ཞེས་པ་དེ་ཡིན་ཞིང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།