ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་དབྱིན་ཇིའི་སྡེ་ཚོགས་སྤྲོ་སྐྱིད་ཁང48ལ“འཁྱགས་རོམ་གཏོར་མཁན”ཞེས་པའི2023ལོའི་དཔྱིད་གསར་དུས་ཆེན་བསུ་བའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དབྱིན་ཇིའི་སྡེ་ཚོགས་སྤྲོ་སྐྱིད་ཁང48ལ“འཁྱགས་རོམ་གཏོར་མཁན”ཞེས་པའི2023ལོའི་དཔྱིད་གསར་དུས་ཆེན་བསུ་བའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་རེད།

ལི་ཁེ་ཆང་གིས་ལོ་ངོ70ཡི་སྔོན་ལ་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱི་དཔྱོད་ལྡན་མི་སྣས་བློ་སྤོབས་ཆེན་པོས་འཁྱགས་རོམ་གཏོར་ནས་ཀྲུང་དབྱིན་ཚོང་དོན་གྱི་སྒོ་མོ་ཕྱེས་པ་རེད། མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འཕོ་འགྱུར་ཆེ་བས། ས་བབ་ཀྱི་ཆབ་སྲིད་དང་འཛམ་གླིང་གི་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད་པ་རེད། དཀའ་ངལ་ཅི་ཙམ་ཆེ་ན་དེ་ཙམ་གྱིས“འཁྱགས་རོམ་གཏོར་མཁན”གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གསར་གཏོད་ཡར་བརྩོན་གྱི་རྣམ་འགྱུར་ཐོག་ནས་ཕན་ཚུན་འགྲོ་འོང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་བ་དང་མི་མཐུན་པ་ཐག་གཅོད་འོས་འཚམ་བྱེད་པ། དམངས་འཚོའི་བདེ་སྐྱིད་ཇེ་མང་དུ་གཏོང་བ། གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་བྱ་དགོས་ཞེས་བསྟན།

ལི་ཁེ་ཆང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ། ཕྱོགས་མང་པོ་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོང་དང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་དབྱིན་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཚེ་ཕྱོགས་གཉིས་ཀར་ཕན་ཁེ་ཆེ་ལ། འཛམ་གླིང་ལའང་ཕན་ཁེ་ལྡན་པ་རེད། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་མུ་མཐུད་དུ་ཀྲུང་དབྱིན་མཛའ་བརྩེ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།