ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་འགལ་ཏང་ཡོན་ལ་ཆད་གཅོད་བྱེད་པའི་ཆོག་འཐུས་དབང་ཆ་དང་གོ་རིམ་གཏན་འཁེལ》གྱི་དེབ་རྐྱང་མ་པར་སྐྲུན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་འགལ་ཏང་ཡོན་ལ་ཆད་གཅོད་བྱེད་པའི་ཆོག་འཐུས་དབང་ཆ་དང་གོ་རིམ་གཏན་འཁེལ》གྱི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ། ཟླ2པའི་ཚེས8ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱ་རྒྱུ་རེད།

《གཏན་འཁེལ》གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྒྲིག་ཡིག་དེ་རྩ་བའི་གཞི་འཛིན་སར་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་ལག་ལེན་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་གྱི་གྲུབ་འབྲས་གསར་བ་སྤྱི་སྡོམ་དང་ཚུར་ལེན་བྱས་ཤིང་། ཏང་གི་རིམ་པ་སོ་སོ་དང་རིགས་སོ་སོའི་རྩ་འཛུགས་ཀྱིས་སྒྲིག་འགལ་ཏང་ཡོན་ལ་ཆད་གཅོད་བྱེད་པའི་ཆོག་འཐུས་དབང་ཆ་དང་གོ་རིམ་ཐད་ལ་མ་ལག་དང་ལྡན་པའི་སྒོ་ནས་ཚད་ལྡན་དང་གཏན་འཁེལ་གསལ་བོ་བྱས་པས། ང་ཚོའི་ཏང་གིས་རང་ཉིད་གསར་བརྗེ་བྱེད་ཕོད་པའི་རང་གཤིས་དམིགས་བསལ་མངོན་པར་མཚོན་ལ། དེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་གཏིང་ཟབ་བྱེད་པ་དང་སྒྲིག་ཁྲིམས་ལྟར་ཏང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།