ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཝིན་ཆིང་གིས་མགོ་འཛིན་གནང་སྟེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚོང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝིན་ཆིང་གིས་ཚེས6ཉིན་མགོ་འཛིན་གནང་སྟེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚོང་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བརྒྱུད་སྒྲོག་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློོ་དང་སྤྱི་བའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་བ་དང་། དོན་དངོས་སྒྲུབ་ཏེ་ཕན་འབྲས་ཐོབ་པའི་སྒོ་ནས་ལོ་ཧྲིལ་བོའི་ལས་དོན་སོ་སོ་ནན་ཏན་གྱིས་སྒྲུབ་དགོས་པར་བསྟན།

གྲོས་ཚོགས་ལས་སྲིད་ཁྲིམས་ལས་ཁུངས་ནི་ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་ཡིན་ཞིང་། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་བ་དང་། གཟབ་ནན་གྱི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་སྲོལ་གྱིས“གཏན་ཕབ་གཉིས”མཐའ་གཅིག་ཏུ་བརྩི་བཀུར་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཏང་གིས་སྲིད་ཁྲིམས་བྱ་བ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དོན་འཁྱོལ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་མཐའ་གཅིག་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། སྲིད་ཁྲིམས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྲིད་ཁྲིམས་ཀྱི་སྙིང་སྟོབས་སྦྱོང་བརྡར་བྱེད་དགོས་པར་བསྟན།

གྲོས་ཚོགས་ལས་ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོ་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་ཤུགས་ལ་བརྟེན་ནས། དུས་དང་རྣམ་པ་ཀུན་ཏུ་དང་ལེན་བྱེད་པའི་འགན་འཁྲི་རང་བཞིན་གྱིས་སྤྱི་ཚོགས་ཆབ་སྲིད་ཀྱི་སྤྱི་ཡོངས་ཀྱི་བརྟན་བརླིང་དང་ལྷག་པར་ཏུ་ཆབ་སྲིད་བདེ་འཇགས་ཀྱི་ནུས་ཤུགས་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་བེད་སྤྱད་དེ་འགལ་ཟླ་དང་རྩོད་གླིང་གི་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ཞིབ་བཤེར་དང་ཞིབ་འཇུག་ལས་དོན་སྤེལ་ཏེ། སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་སློབ་སྦྱོང་དང་ཆེད་ལས་གསོ་སྦྱོང་ལ་ཤུགས་བསྣན་ནས། འགན་འཁྲི་ལག་བསྟར་བྱེད་པའི་ནུས་བ་མཐོར་འདེགས་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་ལས་ལོ་སར་སྐབས་ཀྱི་བདེ་སྲུང་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བདེ་སྲུང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཝང་ཞའོ་ཧོང་དང་ཀྲུའུ་ཆིང་། ཀྲང་ཅུན་སོགས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།