ཀྲུང་གོ་བོད་ཀྱི་དྲ་བ།

གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་གིས་ཟླ2པའི་ཚེས1ཉིན་དགེ་རྒན་དང་དངོས་གཞི་སློབ་གྲྭའམ་ཆེད་ལས་སློབ་གྲྭའི་སློབ་མར་རིན་མེད་སྒོས་སྒོ་འབྱེད་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ1པོའི་ཚེས28ཉིན་གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ཟླ2པའི་ཚེས1ཉིན(གཟའ་ལྷག་པ)གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་གིས་དགེ་རྒན་དང་དངོས་གཞི་སློབ་གྲྭའམ་ཆེད་ལས་སློབ་གྲྭའི་སློབ་མར་རིན་མེད་སྒོས་སྒོ་འབྱེད་རྒྱུ་རེད། རེ་ཞུ་མི་སྣས“གནའ་བོའི་ཕོ་བྲང་རྟེན་མཛོད་གླིང”ཞེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་བརྒྱུད་ནས་དངོས་མིང་ཁ་ཆད་བྱེད་དགོས་ལ། ལྟད་མོར་འགྲོ་བའི་ཉིན་དེར་རེ་ཞུ་མི་སྣས་ཁ་ཆད་བྱས་པའི་ཐོབ་ཐང་ལག་ཁྱེར་དང་བྱ་བའི་འཛིན་ཡིག་གམ་སློབ་མའི་འཛིན་ཡིག་གི་མ་ཡིག་འཁྱེར་ནས་འགྲོ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།