ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏ་ཏ་ཨའེ་ལ་གློག་འཕྲིན་བཏང་ནས་པ་པུའུ་ཡ་ཞིན་ཅི་ནེ་ཡའི་ཙུང་ཏུའུ་ཡི་འགན་བསྟུད་མར་འཁུར་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་པོ་ཏ་ཏ་ཨའེ་ལ་གློག་འཕྲིན་བཏང་ནས། ཁོས་པ་པུའུ་ཡ་ཞིན་ཅི་ནེ་ཡ་སྒེར་ཚུགས་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཡི་འགན་བསྟུད་མར་འཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། པ་པུའུ་ཡ་ཞིན་ཅི་ནེ་ཡ་ནི་ཆེས་ཐོག་མར་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་གྲས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་སྲོག་རྒྱུན་མཛའ་བརྩེ་ཡུན་རིང་ལ་གཏིང་ཟབ་པ་ཡིན། མིག་སྔར། ཀྲུང་གོས་པ་པུའུ་ཡ་ཞིན་ཅི་ནེ་ཡ་དང་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གཡུར་ཏུ་ཟ་བའི་གྲུབ་འབྲས་ཐོབ་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད། ངས་ཀྲུང་གོ་དང་པ་པུའུ་ཡ་ཞིན་ཅི་ནེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཙུང་ཏུའུ་ཏ་ཏ་ཨའེ་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་དང་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།