ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་སོགས་ཀྱིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་མཉམ་དུ་ལོ་གསར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པར་འདི་ནི་ཟླ1པོའི་ཚེས18ཉིན་གྱི་ཕྱི་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བྱམས་བརྩེའི་ངང་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོ་རུ་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མིར་ཐུག་འཕྲད་དང་བཞུགས་མོལ་བྱས་ཏེ་བསམ་བློ་བརྗེ་རེས་བྱེད་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལོ་གསར་སླེབས་ལ་ཉེ་བའི་སྐབས་སུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ1པོའི་ཚེས18ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས།  ཀྲུང་གོ་རུ་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མིར་བྱམས་བརྩེའི་ངང་ཐུག་འཕྲད་བྱས་པར་མ་ཟད།  བཞུགས་མོལ་བྱས་ཏེ་བསམ་བློ་བརྗེ་རེས་བྱས།

ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་ལྷག་བསམ་ཟོལ་མེད་སྒོས་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ཏེ། ཚང་མས་དུས་ཡུན་རིང་པོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད།  ཀྲུང་གོ་སྲིད་གཞུང་གི་ལས་དོན་ལ་བློ་འདོན་ཇུས་འབུལ་བྱེད་རྒྱུའི་སྨོན་འདུན་ཞུས།

ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་གཅིག་ནང་།  རིམས་ནད་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡུང་རྡེག་ལ་དམིགས་ཏེ།  ཀྲུང་གོའི་དཔལ་འབྱོར་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དཀའ་ངལ་ཁྱད་བསད་བྱེད་པའི་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ང་ཚོས་བརྡས་ཐག་ཆོད་པོས་ཁ་གཏད་བྱས་ནས་གཏན་འཁེལ་བྱས་པའི་སྲིད་ཇུས་སྔོན་ལ་ལག་བསྟར་བྱེད་པ་དང་།  གྲབས་གསོག་སྲིད་ཇུས་ཀྱི་བྱ་ཐབས་གང་ལེགས་སྤྱོད་པ།  དཔལ་འབྱོར་བརྟན་གཏོང་གི་སྲིད་ཇུས་དང་རྒྱུན་མཐུད་བྱ་ཐབས་དུས་ཐོག་ཏུ་བཏོན་ནས།  དཔལ་འབྱོར་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས།  རིན་གོང་བརྟན་འཇགས་བཅས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་།  འབད་བརྩོན་བྱས་པ་བརྒྱུད།  ལོ་ཧྲིལ་པོའི་དཔལ་འབྱོར་ལུགས་མཐུན་ངང་འཕར་ནས།  གློ་བུར་དུ་བྱུང་བའི2020ལོའི་རིམས་ནད་ཀྱི་རྡུང་རྡེག་ལས་བརྒལ་ཟིན།  གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་སྔོན་དཔག་ལས་ལེགས་པ་དང་།  མི་ཁྲི1200ལྷག་ཙམ་ཟིན།  ལོ་མཇུག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་བའི་བརྟག་དཔྱད་བྱས་ཚད5.5%ཟིན།  གྲོང་མིའི་འཛད་སྤྱོད་རིན་གོང་དེ་འཛམ་གླིང་གི་ཁེ་ལས་ཆེ་ཤོས་ལས2%འཕར་ཡོད།  དེ་ནི་ཉེ་བའི་ལོ་འགའི་ནང་སྤྱིའི་ཆ་ནས་སྲིད་ཇུས་ལ་རྒྱུས་ལོན་ལུགས་མཐུན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་།  དངུལ་ལོར་ཚད་བརྒལ་འགྲེམས་སྤེལ་བྱས་མེད་ལ།  རྗེས་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་རོགས་འདེགས་བྱས་ཡོད།  དེ་དང་ཆབས་ཅིག  ང་ཚོས་འབྲུ་རིགས་དང་ནུས་རྒྱུ་མཁོ་སྤྲོད་བརྟན་འཇགས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།  ན་ནིང་གི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡིན་པ་དང་དེར་གྲུབ་འབྲས་ཐོབ་པ་ནི་ལས་སླ་མོ་ཞིག་མིན།  མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་དཀའ་ཁག་དང་འགྲན་སློང་མང་པོ་ཡོད་མོད།  འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ལེགས་སྒྲིག་བྱས་པས།  ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་དང་བསྐྱར་འཕར་ཡོང་བའི་ཡིད་ཆེས་ཡོད།  ང་ཚོས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་དང་།  འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས།  དངོས་ཟོག་རིན་གོང་བརྟན་འཇགས་ཡོང་བར་ཤུགས་བརྒྱབ་སྟེ།  ད་ལོའི་དཔལ་འབྱོར་འཁོར་སྐྱོད་ཇེ་ལེགས་སུ་འགྲོ་བར་འབད་བརྩོན་བྱ་དགོས་ཟེར།

ལི་ཁེ་ཆང་གིས་ཀྲུང་གོས་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་ནི་ལས་འགན་གཙོ་བོ་ཡིན་ལ།  ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱས་ཏེ།  ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁེ་དབང་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱས་ནས།  དམངས་གཉེར་དཔལ་འབྱོར་གྱི་ཡིད་ཆེས་འཕེལ་བར་བྱེད་དགོས། ཀྲུང་གོས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ་དང་།  རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་སྔར་ལས་རྒྱ་ཁྱབ་ངང་སྤེལ་ནས།  འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྲུང་སྐྱོབ་བྱེད་འདོད་ཡོད་ཅས་ནན་གྱིས་བསྟན། 

ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་སྔར་ལས་གང་མང་ཞིག་ཀྲུང་གོར་བྱ་བ་སྒྲུབ་པར་ཡོང་བར་དགའ་བསུ་བྱེད་པ་དང་།  བྱ་བའི་ཆོག་འཐུས་དང་ཤེས་ལྡན་མི་སྣའི་ཐོངས་མཆན་དང་གནས་སྡོད་མཚམས་འཇོག་གི་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ།  ཁྲལ་བསྡུ་དང་ཉོ་སྒྲུབ།  སྤྱི་ཚོགས་འགན་སྲུང་།  སྨན་བཅོས།  བྱིས་པ་སློབ་གྲྭར་སྐྱེལ་བ་སོགས་ཀྱི་སྲིད་ཇུས་སྔར་ལས་འཐུས་ཚང་དང་དོན་འཁྱོལ་བྱས་ནས།  ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣས་བློ་བདེ་མོའི་ངང་ཀྲུང་གོ་རུ་བྱ་བ་སྒྲུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།

ཝང་དབྱི་དང་ཧོ་ལི་ཧྥིན།  ཞའོ་ཅེ་སོགས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།