ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་མཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིན་ནས་མཇུག་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་ཟླ1པོའི་ཚེས17ཉིན་གྱི་སྔ་དྲོར་པེ་ཅིན་ནས་མཇུག་བསྡུས།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས17ཉིན་གྱི་སྔ་དྲོར།  སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིན་ནས་མཇུག་བསྡུས།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གཏམ་བཤད་གནང་།

ཚོགས་འདུའི་སྐབས་སུ།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཚོགས་འདུའི་ཡིག་ཆར་གྲོས་ཞིབ་ནན་ཏན་བྱས་ནས།  གྲོས་མོལ་དང་གྲོས་བསྡུར་གཏིང་ཟབ་བྱས།  ཚང་མས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་།  གྲོས་གཞི་བྱ་བའི་སྙན་ཞུའི་འཆར་ཟིན།  སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་མ་ཡིག་བཅས་ལ་གྲོས་མཐུན་བྱུང་བ་མ་ཟད།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་ཆེན་པོ་བྱས།  ཚང་མས་ལོ་ལྔའི་རིང་ལ།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་།  ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས།  ནུས་ལྡན་སྒོས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཡོད་ཅེས་གཅིག་གྱུར་གྱིས་ངོས་འཛིན་བྱས།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པར་གུས་བཀུར་དང་བཀའ་དྲིན་ཞུས།  ཁོང་གིས་འདས་ཟིན་པའི་ལོ་ལྔའི་རིང་གི་གྲུབ་འབྲས་ནི་ལས་སླ་མོའི་ངང་ཐོབ་པ་ཞིག་མིན་པ་དང་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་རེད།  དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་དང་།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།  དེ་བཞིན་སྤྱི་ཚོགས་སོ་སོས་ཤུགས་ཆེན་སྒོས་རྒྱབ་སྐྱོར་བྱས་པའི་འབྲས་བུ་དང་།  མི་དམངས་སྲིད་གྲོས་ནང་ཞུགས་པའི་ལས་ཁུངས་སོ་སོ་དང་། རིམ་པ་སོ་སོའི་རྩ་འཛུགས།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད།  རྒྱུན་ཨུ་རྣམ་པས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས།  རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་ཅེས་བསྟན།

ཝང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ནི་རིམ་བཞིན་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་བཏང་བས།  སྐབས་རེ་རེའི་སྲིད་གྲོས་ཨུ་ཡོན་གྱིས་མུ་མཐུད་དུ་འབད་འཐབ་བྱེད་དགོས།  སྲིད་གྲོས་ཨུ་ཡོན་ནི་མཚན་སྙན་ཡིན་ལ་འགན་འཁྲིའང་ཡིན།  ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ།  སྲིད་གྲོས་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ཏེ།  དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་མཐུད་ངང་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།  འཚོགས་ལ་ཉེ་བའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། གྲ་སྒྲིག་གི་ལས་དོན་སོ་སོ་ཞིབ་མོར་བསྒྲུབ་ནས།  ཚོགས་ཆེན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

མཇུག་བསྡུའི་གྲོས་ཚོགས་སྟེང་།  སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་རྒྱུའི་སྐོར་གྱི་གཏན་འབེབས་དང་།  ཚོགས་འདུའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་འཆར་ཟིན་ལ་གྲོས་འཆམ་བྱུང་བར་མ་ཟད།  འཆར་ཟིན་དེ་དག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུའི་སྟེང་གྲོས་ཞིབ་བྱེད་པར་འབུལ་རྒྱུ་གཏན་འབེབས་བྱས།

ཚོགས་འདུའི་སྟེང་ཐག་གཅོད་བྱས་པ་བརྒྱུད།  སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་ཞུགས་ལས་ཁུངས་དང་།  ཨུ་ཡོན་གྱི་མི་གྲངས།  ཨུ་ཡོན་གྱི་འདེམ་བསྐོ་བཅས་ཀྱི་མིང་ཐོ་དང་།  སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།  གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་དག་བཅོས་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་ནས།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གྲོས་ཐག་བཅད།  ཀྲུའུ་ཞིའི་གྲོས་ཚོགས་ལ་དབང་ཆ་གནང་ནས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་བཏོན་མེད་པའི་དོན་དག་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།  ལིའུ་ཅེ་དབྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དང་།  ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་གསབ་སྣོན་བྱས་པ་དང་།  ཀྲང་ཅིང་ཨན་གྱིས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་བ་དང་།  ཀྲང་ཞའོ་ལེན་གྱིས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་བ།  ལིའུ་ཧུའེ་ཡིས་ཆོས་ལུགས་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་བ།  ཀྲུའུ་ཅི་མན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱས་པ་དང་ལེན་བྱས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་།  ལིའུ་ཆི་པའོ།  ཝན་ཀང་།  ཧོ་ཧོའུ་ཧྭ།  ལུའུ་ཀྲན་ཀུང་།  མ་པེའོ།  ལེའང་ཀྲིན་དབྱིན།  ཞ་པའོ་ལུང་།  དབྱང་ཁྲུན་ཐང་།  ལི་པིན།  པ་ཐེར།  ཝང་ཡུང་ཆིང་།  སུའུ་ཧུའེ།  ཀྲིན་ཅན་པང་།  ཀུའུ་ཧྲིན་ཙུའུ།  ལིའུ་ཤིན་ཁྲེང་།  ཧོ་ཝུའེ།  ཧྲའོ་ཧུང་།  ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས་པ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།