ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བལ་བོའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་པའི་དོན་རྐྱེན་ཐད་ནས་བལ་བོའི་ཙུང་ཐུང་པན་ཏ་ལི་ལ་འཚམ་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་བལ་བོའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་པའི་དོན་རྐྱེན་ཐད་ནས་བལ་བོའི་ཙུང་ཐུང་པན་ཏ་ལི་ལ་འཚམ་འདྲིའི་གློག་འཕྲིན་བཏང་ཞིང་། ལི་ཁེ་ཆང་གིས་བལ་བོའི་ཙུང་ལི་ཕུའུ་ལ་ཁྲང་ཏར་འཚམ་འདྲིའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བལ་བོའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་པའི་དོན་རྐྱེན་ཐད་ནས་བལ་བོའི་ཙུང་ཐུང་པན་ཏ་ལི་ལ་འཚམ་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། བལ་བོའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་པའི་དོན་རྐྱེན་བྱུང་ནས། མི་སྣ་ཤི་རྨས་ཚབས་ཆེན་ཐེབས་པ་ཤེས་པས། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས། རྐྱེན་ལམ་དུ་ཤོར་པའི་མི་སྣར་སེམས་གཏིང་ནས་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་པའི་མི་སྣའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམ་འདྲི་ཞུ་བ་ཡིན།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བལ་བོའི་ཙུང་ཐུང་ཕུའུ་ལ་ཁྲང་ཏ་ལ་འཚམ་འདྲིའི་གློག་འཕྲིན་བཏང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།