ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡིས་སྐོར་དགུ་བའི“རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བར”མིང་བཏགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡིསསྐོར་དགུ་བའི“རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བརམིང་འདོགས་པའི་སྐོར་གྱི་ཆོད་དོན》དཔར་འགྲེམ་བྱས་ཏེ། སྡེ་བ(སྡེ་ཁུལ)1136ལ་སྐོར་དགུ་བའི“རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི”མིང་འདོགས་པར་གཏན་ཁེལ་བྱས།

ཉེ་བའི་ལོ་འགའི་རིང་ལ། ས་གནས་སོ་སོས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྒྱུད་སྤེལ་བྱས་པའི་རྒྱལ་ཡོངས“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གིས་དཔར་འགྲེམ་བྱས་པའི《ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཏེ། “དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི(སྡེ་ཁུལ)”འཛུགས་སྐྲུན་བྱ་འགུལ་ནན་ཏན་གྱིས་སྤེལ་ཏེ། ཁྲིམས་སྐྱོང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། གཟབ་ནན་གྱིས་དཔྱད་འདེམས་གོ་རིམ་བརྒྱུད། ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡིས་པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཅིན་ཀྲན་ཤང་ཏུང་ཡའོ་སྡེ་བ་སོགས་སྡེ་བ1136ལ་སྐོར་དགུ་བའི“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི(སྡེ་ཁུལ)མིང་འདོགས་རྒྱུ་ཡིན་པར་ཐག་བཅད།

བརྡ་སྦྱོར་ལས་མིང་བཏགས་པའི་སྡེ་བ(སྡེ་ཁུལ)ཡིས་གཟབ་ནན་གྱིས་སྐོར་དགུ་བའི“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི(སྡེ་ཁུལ)”ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་བཏོན་ཏེ། མུ་མཐུད་དུ་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། འཛུགས་སྐྲུན་བྱ་འགུལ་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་སེམས་འཁུར་དང་རེ་སྒུག་བྱེད་པའི་དཀའ་ཁག་དངོས་དང་གནད་དོན་ལ་དམིགས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལ་ཤུགས་སྣོན་དགོས། བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ། གཞི་རིམ་གྱི་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་དགོས་ཤིང་། མཁར་གྲོང་སྡེ་ཁུལ་མང་ཚོགས་ཀྱི་རང་ཉིད་དོ་དམ་དང་རང་ཉིད་ཞབས་ཞུ། རང་ཉིད་སློབ་གསོ། རང་ཉིད་ལྟ་སྐུལ་བཅས་ཀྱི་ཕན་འབྲས་ལ་ཤུགས་སྣོན་དགོས། ཞིང་སྡེས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།