ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་འབྲེལ་བློ་འདྲི་ས་པོ་ན་ཐུང་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་འབྲེལ་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་འབྲེལ་བློ་འདྲི་ས་པོ་ན་ཐུང་ལ་ཁ་པར་བཏང་།

ཝང་དབྱི་ཡིས་མིག་སྔའི་འཛམ་གླིང་གི་གནས་བབ་ལ་ཟིང་ཆ་ཆེ་བ་དང་འཕོ་འགྱུར་ཆེན་པོ་བྱུང་བཞིན་ཡོད་པས། ཀྲུང་གོ་དང་ཧྥ་རན་སིའི་བདེ་ཐང་བརྟན་བརླིང་འཕེལ་རྒྱས་ལ་དམིགས་བསལ་གྱི་དོན་སྙིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་མཐོ་རིམ་འབྲེལ་འདྲིས་དམ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མདུན་ལྗོངས་གསར་བ་གསར་གཏོད་བྱེད་འདོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་ཕྱོགས་དང་མཉམ་དུ་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཕན་ཚུན་ཡིད་ཆེས་དང་གླེང་མོལ་མཉམ་ལས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཅེས་བསྟན།

པོ་ན་ཡིས་ཧྥ་རན་སེ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་གནང་བཞིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། གསར་གཏོད་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། མཉམ་དུ་མ་འོངས་འཕེལ་རྒྱས་ཀྱི་འཆར་གཞི་གསར་བ་བཟོ་རྒྱུ་ཡིན་ལ། ཧྥ་རན་སེ་ཕྱོགས་ཀྱིས་འཇམ་འཐབ་བསམ་གཞིགས་དང་སྡེ་ཚོགས་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་གླེང་མོལ་རྒྱ་བསྐྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་དང་། མཉམ་འབྲེལ་སྒོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ཕན་ནུས་འདོན་འདོད་ཡོད་ལ། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོས་སྤྱད་པའི་རིམས་འགོག་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་རིམས་ནད་ཀྱི་རྒྱལ་ཁ་ལེན་པར་ཡིད་ཆེས་ཡོད་པར་བསྟན།  

ཕྱོགས་གཉིས་ཀྱིས་རྗེས་མའི་ཕྱོགས་གཉིས་འབྲེལ་བའི་གྲོས་རིམ་གལ་ཆེན་ལ་དམིགས་ནས་བསམ་བློ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།