ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

(2022ལོའི་ཟླ1པོའི་ཚེས10ཉིན་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་།)


ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི2023ལོའི་ཟླ1པོའི་ཚེས9ནས་ཚེས10བར་པེ་ཅིན་ནས་འཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན127ཡོད་ཅིང་། གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན207ཡོད། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཕེབས་ཤིང་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་གྲོས་ཚོགས་ལ་ཕེབས། 

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཤིང་། 2023ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། བློ་མཐུན་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ནས་བགྲོད་ལམ་གསར་པའི་སྟེང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས》ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་མྱོང་རྟོགས་ཟབ་མོ་བྱས། ཚང་མས་མགྲིན་གཅིག་ཏུ། གསུང་བཤད་ཀྱིས་དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས། ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་རྣམ་པ་གཙོ་བོ། དཀའ་གནད་སེལ་ཐབས་བཅས་ལ་དབྱེ་ཞིབ་ཟབ་མོ་མཛད་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་འཛུགས་པའི་དམིགས་འབེན་ལས་འགན་དང་། ལག་ལེན་བླང་བྱ་རྒྱས་བཤད་ཟབ་མོ་མཛད་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱི་བརྗོད་དོན་དཀྱེལ་ཆེ་མཐོང་ཡངས་དང་། དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དཔྱད་བརྗོད་གནད་ལ་འཁེལ་བས། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་ཞིང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་རྩ་བའི་སྲུང་བྱ་ཡིན་ལ། དུས་རབས་གསར་པའི་བགྲོད་ལམ་གསར་པའི་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བའི་རྩ་བའི་ཁྲིད་སྟོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ལས་བྱེད་དཔུང་ཁག་ལ་ཐུགས་རེ་ཟབ་མོ་བཅོལ་བ་དང་། བླང་བྱ་གསལ་པོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསམ་སྦྱོར་གཉིས་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། དུས་རབས་གསར་པའི་བགྲོད་ལམ་གསར་པའི་སྟེང་སྐད་ཅིག་ཙམ་ཡང་མི་སྡོད་པར་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ། ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པ་བསྒྲུབ་དགོས་པར་འདོད། 

ཚང་འཛོམས་གྲོས་ཚོགས་ཐོག རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་འཛིན་དགོས་པ་དང་། སློབ་སྦྱོང་ཟབ་མོ་དང་བརྟག་ཞིབ་དངོས་མ། དངོས་འབེབས་ནན་འཛིན་བཅས་བྱེད་པའི་སྒོ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་མྱོང་རྟོགས་མཐར་ཕྱིན། གཅིག་ཤེས་ཀུན་གྲོལ། དངོས་འབེབས་དངོས་གཉེར་བྱས་ཏེ། དུས་རབས་གསར་པའི་བགྲོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་བའི་མདུན་སྐྱོད་སྟོབས་ཤུགས་ཆེན་མོ་བསྒྱུར་བ་དང་། བློ་བརྟན་འགྱུར་མེད་སྒོས་སྲོལ་བཟང་སྒྲིག་དམ་གྱིས་རུལ་སུངས་ལ་རྒོལ་བའི་བྱེ་བྲག་གི་འགུལ་སྐྱོད་ལ་བསྒྱུར་བ། ཏང་གི་སྔོན་ཐོན་དྭངས་གཙང་དང་། ཏང་གི་གསོན་ཤུགས་ཡུན་གནས་བློ་བརྟན་པོས་སྲུང་སྐྱོང་བྱེད་པའི་དངོས་དོན་གྲུབ་འབྲས་ལ་བསྒྱུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་མྱོང་རྟོགས་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་བརྟན་པོར་འཛུགས་པ། སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་ལེན་དགོས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཆེན་མོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་པོ་དང་བློ་རྩ་བརྟན་པོ་སྐབས་འཕྲལ་ཀུན་ཏུ་རྒྱུན་སྲུང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་མ་ལག་བློ་བརྟན་འགྱུར་མེད་སྒོས་འཐུས་ཚང་དུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པར་བྱས་ནས། སྲོལ་བཟང་སྒྲིག་དམ་གྱིས་རུལ་སུངས་ལ་རྒོལ་བ་གཏིང་ཟབ་མོས་སྤེལ་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོའི་འགན་འཁྲི་སྔར་བས་ཕྲག་ཏུ་ལེགས་པོར་ལེན་དགོས་པར་བསྟན། 

ཚང་འཛོམས་གྲོས་ཚོགས་ཐོག 2023ལོ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མགོ་རྩོམ་པའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་སྐྱོང་གི་གནད་འགག་གི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་འདིང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་བྱ་བ་ལེགས་པོར་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་མ་ལག་འཐུས་ཚང་འཛུགས་པའི་ལས་འགན་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་མོས་སྤེལ་བ། དུས་རབས་གསར་པའི་བགྲོད་ལམ་གསར་པའི་སྒྲིག་ཁྲིམས་ལྟ་རྟོག་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོང་ནས་འཛུགས་སྐྲུན་གྱི་མགོ་ལེགས་པོར་རྩོམ་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་ནན་གྱིས་བསྟན། 

དང་པོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་རྟོག་ཇེ་དྲག་ཏུ་གཏོང་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་གོང་བཀུར་ཞུ་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ཤན་འབྱེད་ནུས་པ་དང་མྱོང་རྟོགས་ནུས་པ། ལག་བསྟར་ནུས་པ་མཐོར་འདེགས་པ། ཏང་ཡོངས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་གཟབ་ནན་བྱས་ནས། ཡོད་པ་བདུན་གྱི་གནད་དོན་དུས་ལྟར་ཤེར་རྟོགས་དང་ཐག་གཅོད་ཤུགས་འདོན་བྱེད་དགོས། ཆབ་སྲིད་ལྟ་རྟོག་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་མགྱོགས་མྱུར་གྱིས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ར་ཤུགས་འདོན་པ་སོགས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་པ། ཏང་ཀྲུང་དབྱང་གིས་ཡུལ་དུས་གནས་བབ་དང་བསྟུན་ནས་ཇུས་ཆོད་བཀོད་སྒྲིག་མཛད་པར་དམིགས་ནས་ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས། ལག་བསྟར་ཕྱོགས་སུ་མི་ལྷུང་བ་དང་མི་ངོ་ལ་མི་ལྟ་བ། རྣམ་པ་མི་འགྱུར་བར་ཁག་ཐེག་བྱེད་དགོས། 

གཉིས་པ། ཏང་གི་རང་ངོས་གསར་བརྗེ་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་ཆ་ཚང་ལ་སྐུལ་བ་དང་། ཏང་གི་སྒྲིག་ལམ་ཐག་གཅོད་སྲོལ་ཡིག་ཞིབ་འཇུག་བཟོ་བཅོས་བྱེད་པ། རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ཁྲིམས་སྲོལ་ལམ་ལུགས་མ་ལག་མུ་མཐུད་དུ་ཆ་ཚང་འཛུགས་དགོས། ཏང་གི་གཅིག་གྱུར་མགོ་ཁྲིད་དང་ཕྱོགས་ཡོངས་ལ་ཁེབས་པ། དབང་གྲགས་ཕན་མཐོའི་བླང་བྱ་ལྟར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ཆེད་འགན་ལྟ་སྐུལ་མ་ལག་དང་ཏང་ནང་གི་ལྟ་སྐུལ་མ་ལག ལྟ་སྐུལ་རིགས་སོ་སོའི་མཐུན་སྦྱོར་ཀུན་གྲོལ་ལམ་སྲོལ། གཞི་རིམ་གྱི་ལྟ་སྐུལ་མ་ལག་བཅས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། ལྟ་སྐུལ་གྱི་འདུས་ཤུགས་ཆགས་པར་བྱེད་དགོས། ཉིན་རྒྱུན་གྱི་ལྟ་སྐུལ་དོན་དངོས་མཐུན་པར་ཞིབ་མོར་བསྒྲུབས་ནས། ལྟ་སྐུལ་རྟག་པར་གནས་ཤིང་རྒྱུན་རྣམ་ཅན་དུ་ཆགས་པར་བྱེད་དགོས། མགོ་གཙོ་དང་པོ་དང་མགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་། རང་ཉིད་ཀྱི་སྒྲིག་ཁྲིམས་ནན་མོར་འཛིན་པ་དང་རང་ཉིད་ཀྱི་འགན་འཁྲི་ནན་མོར་འཁུར་བ། རང་ཉིད་ཀྱི་མངའ་ཁོངས་དོ་དམ་ནན་མོ་བྱེད་པར་སྐུལ་དགོས། ཞིབ་རྩིས་ལས་ཁུངས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་ཞིབ་རྩིས་ལྟ་སྐུལ་གྲུབ་འབྲས་ལེགས་པར་སྤྱོད་དགོས། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཆབ་སྲིད་འགན་འཁྲི་ནན་མོར་འཛིན་པ་དང་། འགན་འདྲིའི་ལག་ཆ་རྣོན་པོ་ལེགས་པར་སྤྱད་ནས། འགན་འདྲི་ལ་ཤུགས་མེད་པ་དང་འགན་འདྲི་མང་དྲགས་པ་འགོག་དགོས། 

གསུམ་པ། ཆབ་སྲིད་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་སྟོབས་དང་ལྡན་པར་ལེགས་པོར་འདོན་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་འབུར་དུ་དོད་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ། སྲུང་སྐྱོང་གཉིས་རྩ་བའི་ལས་འགན་དུ་འཛིན་པ། གཟབ་ནན་གྱི་བླང་བྱ་སྐོར་ཞིབ་ཀྱི་གོ་རིམ་ཡོངས་ཀྱི་རིམ་པ་སོ་སོར་ལག་བསྟར་དོན་འཁྱོལ་བྱེད་དགོས། སྐོར་ཞིབ་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པ་དང་། ཀྲུང་དབྱང་སྐོར་ཞིབ་བྱ་བའི་ལོ་ལྔའི་འཆར་གཞི་བཟོ་དགོས། རྒྱུན་ལྡན་སྐོར་ཞིབ་དང་ཆེད་དོན་སྐོར་ཞིབ། འགུལ་རྣམ་སྐོར་ཞིབ། སྐོར་ཞིབ་ཕྱིར་མིག་ལྟ་བ་བཅས་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་། ཀྲུང་དབྱང་སྐོར་ཞིབ་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་དང་པོ་དང་སྐོར་གཉིས་པའི་སྐོར་ཞིབ་ནན་ཏན་གྱིས་ལེགས་པོར་བསྒྲུབ་དགོས། སྐོར་ཞིབ་དག་ཐེར་བཅོས་སྒྲིག་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་པ་དང་། སྐོར་ཞིབ་གོང་འོག་མཉམ་འགུལ་བྱ་བའི་གནས་སྟངས་འཐུས་ཚང་དུ་གཏོང་དགོས། 

བཞི་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་སྲོལ་བཞི་ཡོ་བསྲང་བཅོས་སྐྱོང་དངོས་འབེབས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས། ཏང་གི་སྣང་བརྙན་དང་མང་ཚོགས་ཀྱི་ཚུར་སྣང་དྲག་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཡ་མེད་སྒྲིག་འགལ་གྱི་བྱ་སྤྱོད་ཐོན་མ་ཐག་རྡུང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། བསྐྱར་ལོག་ཐེབས་པ་དང་གཟུགས་སྒྲིབ་གཞན་འགྱུར། འཐབ་རྩོད་ལ་སུན་པ་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། བསྐྱར་ཟློས་རང་བཞིན་དང་ངན་རེངས་རང་བཞིན་ལྡན་པ་དང་། རྣམ་པ་འགྱུར་བ། སྦས་སྐུང་རང་བཞིན་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། འགན་འདྲི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་ཐོག་ཡོ་བསྲང་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་འགན་འཁྲི་མི་འཁུར་བ་དང་ཤུགས་མི་རྒྱག་པར་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱི་བྱེད་ཐབས་དང་ལས་དོན་བཀོད་སྒྲིག་ལ་ཕྱོགས་རེ་བའི་རྒྱུས་ལོན་དང་།   མཁྲེགས་བཟུང་ལག་བསྟར། རྩིང་རགས་བཀོལ་སྤྱོད་བཅས་བྱེད་པ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། རང་འདོད་ལྟར་དབང་ཆ་གང་བྱུང་དུ་སྤྱོད་པ། དབང་ཆའི་ལྟ་བ་གཞན་འགྱུར་དང་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ལོག་པ། བྱ་གཞག་གི་ལྟ་བ་ནོར་འཛོལ་སོགས་ཀྱི་གནད་དོན་ཐད་འབྱུང་རྩ་སྔོག་འདོན་གཏིང་ཟབ་དང་འབྱུང་གཞི་ཡང་དག་པར་འཚོལ་བ་དང་། བཅོས་སྐྱོང་གནད་འཁེལ་དང་ཕན་འབྲས་དངོས་འབྱུང་བར་བྱེད་དགོས། “སྤྱོད་ཚུལ་ངན་པ་བཞི”ཡོ་བསྲང་དང་སྲོལ་གསར་འཛུགས་རྒྱུ་གཉིས་ཀར་མཐོང་ཆེན་རྒྱུན་འཁྱོངས་དང་། ཏང་ཡོན་ལས་བྱེད་པས“ངེས་པར་དུ་བྱ་དགོས་པ་གསུམ”ཡིད་ལ་བརྟན་པོར་བཅངས་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

ལྔ་པ། ཏང་གི་སྒྲིག་ཁྲིམས་ལེགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། རྒྱུན་ལྡན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་ལྡན་གྱི་དོ་དམ་དང་ལྟ་སྐུལ་མཉམ་འདྲེས་ཐུབ་པར་བྱེད་པ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཡིད་ལ་བརྟན་པོར་ངེས་པར་བྱ་དགོས། ན་གཞོན་མགོ་ཁྲིད་ལས་བྱེད་པའི་སྒྲིག་ཁྲིམས་སློབ་གསོར་མཐོང་ཆེན་བྱེད་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་བྱུང་བའི་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཨུ(ཏང་ཙུའུ)ཡིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ། གཅིག་ཤེས་ཀུན་གྲོལ་དང་གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་གསལ་པོ་ཤེས་པར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་གཏན་འབེབས་དང་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཤེས་རྟོགས་གཅིག་བྱུང་ན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། “རྣམ་པ་རིགས་བཞི”གནད་འཁེལ་བེད་སྤྱོད་དང“དབྱེ་འབྱེད་གསུམ”དངོས་འབེབས་བྱེད་པ། ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་ཧུར་བརྩོན་བྱས་རྗེས་འཇོག་པར་སྐུལ་མ་བཏང་ནས། ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། 

དྲུག་པ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕར་ཚད་སྔར་བས་བཀག་འགོག་ནུས་ལྡན་བྱེད་པ། བསགས་འབོར་སྔར་བས་ནུས་ལྡན་ངང་གཙང་སེལ་བྱེད་དགོས། གཙོ་གནད་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། མགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། སྲིད་ཚོང་ངན་འབྲེལ་དང་མ་དངུལ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པ་སོགས་ཆབ་སྲིད་ཀྱི་འབྱུང་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་རིགས་ལ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། སྲིད་ཁྲིམས། འབྲུ་རིགས་ཉོ་ཚོང་སོགས་དབང་ཆ་གཅིག་སྡུད་ཆེ་བ་དང་མ་དངུལ་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། གཙོ་གནད་དམིགས་ཡུལ་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚམས་ཚད་མེད་པ་དང་སྙིང་ཆེན་ཧམ་པ་ཚ་པོའི་རིགས་གཙོ་གནད་དུ་བཟུང་བ་དང་། མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣས་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་སྒྲུབ་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བྱུང་བར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རྣམ་པ་གསར་པའི་རུལ་སུངས་དང་མངོན་མེད་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ལྐོག་རྔན་ལེན་མཁན་དང་ལྐོག་རྔན་སྤྲོད་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལྐོག་རྔན་སྤྲོད་པའི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་གཙང་དར་སྤེལ་དང་རུལ་སུངས་བཀག་འགོག་བྱེད་པའི་དར་སྲོལ་བཟང་པོ་དར་སྤེལ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག “གནམ་རྒྱའི་འགུལ་སྤྱོད”རྒྱུན་མཐུད་ངང་སྤེལ་ཏེ། བྲོས་བྱོལ་རྗེས་འདེད་དང་བྲོས་བྱོལ་སྔོན་འགོག བརྐུས་ནོར་ཚུར་ལེན་བཅས་ཀྱི་ལམ་སྲོལ་གཞི་གཅིག་ཏུ་འཛུགས་དགོས།

བདུན་པ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་བཅོས་སྒྱུར་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏིང་ཟབ་གཏོང་བའི“བཅོས་སྒྱུར་ཁག་གསུམ”གྱི་མགོ་ཁྲིད་སྒྲིག་སྲོལ་དང་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མངགས་སྡོད་ལྟ་སྐུལ་མ་ལག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མངགས་སྡོད་སྒྲིག་གཞི་དང་མངགས་གཏོང་སྒྲིག་གཞིས་ལྟ་ཞིབ་དབང་ཆ་ཕྱོགས་ཡོངས་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། བཅོསསྒྱུར་ལ་བརྟེན་ནས་སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་འབྲེལ་མཐུད་དང་ཁུངས་སྣེ་བརྒྱུད་སྤྲོད། བྱ་ཐབས་གཞོགས་འདེགས། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཕན་ཚུན་འབྲེལ་མཐུད་དང་དབང་གྲགས་ལས་ཕྱོད་ཆེ་བའི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

བརྒྱད་པ། དུས་རབས་གསར་པའི་བགྲོད་ལམ་གསར་པའི་ལས་འགན་ལྕི་ལ་བྱང་ཚད་མཐོ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་དགོས། ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ། ཁོངས་གཏོགས་ཡོངས་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་བཟང་སྣེ་ཁྲིད་བྱེད་པ། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བའི་སྒྲིག་བཤེར་ལྟ་ཞིབ་ཀྱི་རྣོ་ལྕགས་ལྟ་བུའི་དམག་དཔུང་འཛུགས་སྐྱོང་བྱེད་དགོས། ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་བློ་སྟོབས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་སྦྱོང་གང་ལེགས་དང་བརྟག་དཔྱད་ཞིབ་འཇུག དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་འཐབ་རྩོད་བྱེད་ཕོད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་རྣོ་ལྕགས་ལྟ་བུའི་དམག་དཔུང་འཛུགས་སྐྱོང་བྱེད་དགོས། སྤྱོད་གཙང་འཛུགས་སྐྱོང་ལ་ཤུགས་བསྣན་ནས“རུལ་སུངས་མི་བྱེད་པ་གསུམ”གྱི་འདུ་ཤེས་དེ་རང་ངོས་འཛུགས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ། ཕུང་འདྲེ་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། “སྒྲོན་འོག་མུན་ནག”འགོག་བཅོས་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། རང་ངོས་ཀྱི་གཞུང་དྲང་སྤྱོད་གཙང་གི་སྒྲིག་བཤེར་ལྟ་ཞིབ་ཀྱི་རྣོ་ལྕགས་ལྟ་བུའི་དམག་དཔུང་འཛུགས་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། རང་སྟོབས་རང་སྤེལ་དང་བདེན་སྲུང་གསར་གཏོད། སྙིང་སྟོབས་ཆེར་སྐྱེད།  དཔའ་མཛངས་རྟུལ་ཕོད་བཅས་བྱས་ཏེ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས། །


རྩོམ་སྒྲིག་པ། : གསང་བདག་རྒྱལ།