ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཅང་ཙེ་རྨིན་ལ་སྐྱེལ་མ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129185840_16702612948571n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས5ཉིན། རང་རེའི་ཏང་དང་དམག་དཔུང་། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཁས་ལེན་པའི་དབང་ཟིལ་བླ་ན་མེད་པའི་ཕུལ་བྱུང་མགོ་ཁྲིད་མི་སྣ། རླབས་ཆེན་གྱི་མར་ཁེ་སིའི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། ཆབ་སྲིད་པ་དང་དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་གི་ཉམས་སད་ཐེག་ཐུབ་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་མགོ་ཁྲིད་པ། ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གསུམ་པའི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གསར་གཏོད་བྱེད་མཁན་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་པེ་ཅིན་དུ་སྦྱིན་སྲེག་བྱས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་ནས་པ་པའོ་རི་བོའི་བར།རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་རང་འགུལ་གྱིས་ལམ་རྒྱུད་ཀྱི་འགྲམ་གཉིས་སུ་འདུས་ནས། གུས་སུ་རུང་བའི་བློ་མཐུན་ཅང་ཙེ་རྨིན་ལ་སྐྱེལ་མ་བྱས་ཏེ། བློ་མཐུན་ཅང་ཙེ་རྨིན་ལ་བཅངས་པའི་གདུང་སེམས་མཚོན་པར་བྱས།  །

1129185840_16702612948601n.jpg

1129185840_16702612948551n.jpg

1129185840_16702612948581n.jpg

1129185840_16702612948591n.jpg

1129185840_16702612948611n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།