ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད། ཕྱོགས་གཉི་གས་ཡུན་རིང་བརྟན་འཇགས་དང་ཁྱིམ་མཚེས་མཛའ་མཐུན། ཕན་ཚུན་ཡིད་ཆེས། ཕྱོགས་ཡོངས་མཉམ་ལས་བཅས་ཀྱི་བྱེད་ཕྱོགས་དང་། ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། ཟླ་གྲོགས་བཟང་བོ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་། དཔལ་འབྱོར་ཐད་ཕན་ཚུན་ཁེ་ཕན་བསྐྲུན་པ། མི་ཆོས་ཐད་ཕན་ཚུན་མཐུན་འབྲེལ་བྱེད་པ་བཅས་ཀྱི་སྒོ་ནས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་རྒྱུན་ཆད་མེད་པར་ཟབ་མོར་བསྐྲུན་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་པ་དང་བྱས་རྗེས་འབུལ་དགོས་ཞེས་ནན་གྱིས་བསྟན། 

ཞི་ཅིན་ཕིང་གིས་ཐོག་མར་བསྟན་དོན། བློ་མཐུན་ཅང་ཙེ་མེན་ལ་སྙུང་གཞི་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་དེ་རིང་ཧྲང་ཧེ་ནས་སྐུ་གཤེགས། བློ་མཐུན་ཅང་ཙེ་མེན་ནི་ཀྲུང་གོའི་ཏང་དང་དམག་དཔུང་། མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་མཚན་སྙན་བླ་ན་མེད་པའི་ཁྱད་འཕགས་ཀྱི་དབུ་ཁྲིད་པ་དང་། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་ཁྱད་འཕགས་དབུ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གསུམ་པའི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་གསར་གཏོད་པ་གཙོ་བོ་བཅས་ཡིན། ང་ཚོས་གདུང་སེམས་དྲག་པོས་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུ་བ་དང་། གདུང་སེམས་སྟོབས་ཤུགས་སུ་བསྒྱུར་ནས། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་ལྟར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

༢.jpg

ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད། 

ཐུང་ལུན་གྱིས་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུས། ཁོང་གིས་འདི་ནི་ཀྲུང་གོའི་ཏང་དང་མི་དམངས་ཀྱི་གྱོང་གུད་ཧ་ཅང་ཆེན་པོ་ཡིན་པས། ལའོ་ཝའོ་ཡི་ཏང་དང་མི་དམངས་ཀྱིས་ཁྱོད་ཚོ་དང་འདྲ་བར་སེམས་སྡུག་བྱེད་བཞིན་ཡོད། བློ་མཐུན་ཅང་ཙེ་མེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་གཙོ་བོའི་འགན་ཁུར་བའི་སྐབས་སུ། ཀྲུང་གོ་མི་དམངས་ལ་དབུ་ཁྲིད་གནང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། བློ་མཐུན་ཅང་ཙེ་མེན་ནི་ལའོ་ཝའོ་ཡི་ཏང་དང་མི་དམངས་ཀྱི་མཛའ་མཐུན་གྲོགས་པོ་ཡིན་ལ། ཉིས་སྟོང་ལོར་ལའོ་ཝའོ་ལ་འཚམས་འདྲི་མཛད་སྐབས་ཁོང་གིས་ཡིག་འབྲུ་བཅུ་དྲུག་གི་བྱེད་ཐབས་བཏོན་ནས། ལའོ་ཝའོ་དང་ཀྲུང་གོའི་འབྲེལ་བ་གོང་དུ་སྤེལ་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད། ལའོ་ཝའོ་ཡི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་གོའི་བློ་མཐུན་དང་མཉམ་དུ། ལའོ་ཝའོ་དང་ཀྲུང་གོའི་མཛའ་མཐུན་ལས་དོན་རྒྱུན་མ་ཆད་པར་གོང་དུ་སྤེལ་རྒྱུ་ཡིན་ཞེས་བསྟན། 

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཚུན་ལ། ཧྲུའུ་ཅི་བློ་མཐུན་ཐུང་ལུན་དང་ངེད་གཉིས་ཀྱིས་ཐབས་ལམ་སྣ་མང་བརྒྱུད་དེ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བ་གོང་དུ་སྤེལ་བ་དང་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐད་ཐུན་མོང་གི་ལྟ་ཚུལ་གལ་ཆེན་མང་པོ་བྱུང་ཡོད། ངས་ཧྲུའུ་ཅི་བློ་མཐུན་ཐུང་ལུན་དང་མཉམ་དུ། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་བརྟན་བརླིང་ངང་བསྐྲུན་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ནས། རང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བྱེད་འདོད་ཡོད།

༣.jpg

ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད།

 ཞི་ཅིན་ཕིང་གིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གནས་ཚུལ་གཙོ་བོ་མཚམས་སྦྱོར་མཛད་རྗེས་བསྟན་དོན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་པ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་བྱས་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་བཏོན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་བརྒྱུད་ནས། ཡང་བསྐྱར་རྒྱུགས་སྤྲོད་ཀྱི་ལམ་གསར་པར་ཞུགས་ཡོད། ང་ཚོར་གསར་དུ་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ཏེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚུན་ལ། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཀྱི་མདུན་ནས། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གིས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རང་གི་ཁྱད་ཆོས་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་སྤྱི་ཚོགས་ཀྱི་བརྟན་འཇགས་དང་དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱས་པ་དང་། དེ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་བྱས་རྗེས་བཞག སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གཙོ་བྱས་པའི་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ལའོ་ཝའོ་མི་དམངས་ཀྱིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པས་བཏོན་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། བརྗེ་རེས་སློབ་སྦྱོང་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་དེང་རབས་ཅན་གྱི་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་འདོད་ཡོད། 

༤.jpg

ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་རི་ཆུ་གཅིག་ཏུ་འབྲེལ་ཡོད་ལ་གནའ་ནས་བཟུང་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པར་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འགུལ་སྐྱོད་འཆར་གཞི་བཀོད་པའི་ཚུན་ལ། ཀྲུང་གོ་དང་ལའོ་ཝའོ་ཕྱོགས་གཉིས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ལའོ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ།ལྷག་པར་དུ་ཀྲུང་ལའོ་ལྕགས་ལམ་དེ་ཀྲུང་ལའོ་མི་དམངས་ཀྱི་འཕེལ་རྒྱས་ལམ་དང་བདེ་སྐྱིད་ལམ། མཛའ་མཐུན་ལམ་དུ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་མིག་དཔེ་བསྟན། གནས་བབ་གསར་པའི་འོག་ཏུ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཀྲུང་ལའོ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་ཁ་ཕྱོགས་མ་ནོར་བ་དང་མྱུར་ཚད་མི་ལྷོད་པར་ཁག་ཐེག་བྱེད་དགོས། བདེ་འཇགས་ཀྱི་གཞི་རྩ་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་ལས་དོན་གྱི་མཉམ་ལས་སྤེལ་དགོས། ཁེ་ཕན་མཉམ་འདྲེས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཟབ་མོ་བྱས་ཏེ། རང་ས་ཁུལ་གྱི་འབྲེལ་འདྲིས་འགྲོ་འོང་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་འགྲོ་འོང་གཏིང་ཟབ་ཏུ་གཏོང་དགོས་ཏེ། ཀྲུང་གོས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ལའོ་ཝའོ་རུ་མ་དངུལ་གཏོང་བར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། ལའོ་ཝའོ་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཁྲོམ་རར་སྐྱེལ་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ལའོ་ཝའོ་ཕྱོགས་ལ་དཀའ་ངལ་སེལ་རོགས་བྱ་རྒྱུ་ཡིན། ཚན་རྩལ་དང་སློབ་གསོ། རིག་གནས། ཡུལ་སྐོར། འཕྲོད་བསྟེན། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་བསྟུད་མར་རྒྱ་བསྐྱེད་དེ། མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་ལའོ་ཝའོ་བར་གྱི་རྫ་ཆུ་དང་མེ་གུང་གཙང་བོའི་མཉམ་ལས་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་གཞོགས་འདེགས་ཇེ་ཟབ་ཏུ་བཏང་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་ཏེ། འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

༥.jpg

 ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད། 

ཐུང་ལུན་གྱིས་བསྟན་དོན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཀྲུང་གོའི་དུས་རབས་གསར་པའི་དོན་དག་གལ་ཆེན་ཡིན་ལ། འཛམ་གླིང་གི་འཕེལ་རྒྱས་ཐད་ཤན་ཤུགས་ཆེན་པོ་ལྡན། འཛམ་གླིང་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་གནས་བབ་དང་འཕྲད་ཡོད་པའི་སྐབས་འདིར། ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོག་ཤིང་ལྟ་བུ་ཡིན་ཞིང་། མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་ཡིད་ཆེས་ཡོད། 

ཐུང་ལུན་གྱིས་ཀྲུང་གོས་དུས་ཡུན་རིང་བོར་ལའོ་ཝའོ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་རྩ་ཆེན་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། ལའོ་ཝའོ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཡུན་རིང་གོང་དུ་འཕེལ་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་། ལྷག་པར་དུ་ཉིས་སྟོང་བཅུ་དགུ་ལོར་ལའོ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་བཀོད་པའི་རྗེས་སུ། ཕྱོགས་གཉི་གས་འཆར་གཞི་དེ་དོན་འཁྱོལ་ནན་མོ་བྱས་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མ་ཆད་པར་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་བ་དང་། ཀྲུང་གོས་ལའོ་ཝའོ་ལ་རོགས་སྐྱོར་བྱེད་པའི་ལས་གཞི་གལ་ཆེན་བདེ་བླག་ངང་སྤེལ་ཞིང་། ལྷག་པར་དུ་ལའོ་ཀྲུང་ལྕགས་ལམ་བཏིངས་ཚར་ནས། ལའོ་ཝའོ་ཡི་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཕན་ཚུན་བར་གྱི་འགྲོ་འོང་དང་རྒྱལ་སྲིད་སྐྱོང་བའི་ཐད་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་རྒྱལ་སྲུང་གི་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ལའོ་ཝའོ་ཡི་འཕེལ་རྒྱས་འཐབ་ཇུས་སྔར་ལས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ལའོ་ཝའོ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ནི་རེ་བ་ཡོད། 

༦.jpg

ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་རྗེས་སུ། ཞི་ཅིན་ཕིང་དང་ཐུང་ལུན་གྱིས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱེད་པའི་ཚུལ་རེད།

 གྲོས་མོལ་གྱི་རྗེས་སུ། ཞི་ཅིན་ཕིང་དང་ཐུང་ལུན་གྱིས་ཕྱོགས་གཉིས་ཀྱིས་སྲིད་ཏང་དང་དཔལ་འབྱོར་ཉོ་ཚོང་། དངུལ་རྩ། རིག་སློབ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་བྱས། 

ཝང་དབྱི་དང་ཧི་ལིས་ཧྥིན་སོགས་གོང་གི་བྱེད་སྒོར་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།