ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད23དང་སྐར་མ08སྟེང་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་འཕུར་སྐྱོད་པ་གསུམ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས28ཉིན་འཚོགས་པའི་ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་འགོད་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་འགོད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལས་རོགས་པ་ཅི་ཆི་མིན་གྱིས་ཁྱབ་བསྒྲགས་བྱས་དོན། སྤྱིའི་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་ཐག་གཅོད་བརྒྱུད། པེ་ཅིན་གྱི་དུས་ཚོད་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད23དང་སྐར་མ08སྟེང་ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་འཕེན་གཏོང་བྱ་རྒྱུ་ཡིན་ཞིང་། འཕུར་སྐྱོད་ཚན་ཆུང་དེ་འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་དང་ཏིན་ཆིན་མིན། ཀྲང་ལུའུ་བཅས་ཀྱིས་གྲུབ་ལ། ཧྥེ་ཅུན་ལུང་གིས་བཀའ་བཀོད་དཔོན་གྱི་འགན་ཁུར་ཡོད། 

1.jpg

འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་།

༢.jpg

འཇིག་རྟེན་འཕུར་སྐྱོད་པ་ཏིན་ཆིན་མིན། 

༣.jpg

འཇིག་རྟེན་འཕུར་སྐྱོད་པ་ཀྲང་ལུའུ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།