ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས་22ཉིན། ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་བརྙན་ལམ་བརྒྱུད་ནས་འཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཨུ་རུ་སུའི་ཙུང་ལི་གཞོན་པ་ཀོ་ལི་ཁོ་ཝ་གཉིས་ཚོགས་འདུར་ཞུགས།

ཕྱོགས་གཉིས་ཀྱིས་འདས་པའི་ལོ་ལྔ་རིང་ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་རིག་གནས་ཀྱི་མཉམ་ལས་ཐད་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བར་ཁས་ལེན་གང་ལེགས་བྱས་ཤིང་། སྔ་རྗེས་སུ་ས་གནས་མཉམ་ལས་དང་ཚན་རྩལ་གསར་གཏོད། ལུས་རྩལ་སྤེལ་རེས་བཅས་བརྗོད་བྱ་གཙོ་བོ་ཡིན་པའི་རྒྱལ་ཁབ་རིམ་པའི་བྱ་འགུལ་ཐེངས་གསུམ་སྤེལ་ཞིང་། རིམ་རྩིས་བྱས་ན་བྱ་འགུལ་སྣ་ཚོགས་ཐེངས2000ལྷག་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་སློབ་གཉེར་སྒྲིག་གཞི་དང་རྣམ་གྲངས116བར་ཇེ་མང་དུ་བཏང་བ། མཉམ་འབྲེལ་དངོས་བཤེར་ཁང་དང་ཞིབ་འཇུག་ལྟེ་གནས80བསྐྲུན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཇེ་ཟབ་ཏུ་བཏང་བ་རེད།  ཕྱོགས་གཉིས་ཀྱིས་ཉིན་རེ་བཞིན་གཏིང་ཇེ་ཟབ་ཏུ་འགྲོ་བའི་མི་ཆོས་རིག་གནས་མཉམ་ལས་ཀྱིས་ཀྲུང་ཨུའི་འབྲེལ་བར་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་དང་གཏིང་ཟབ་པའི་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་རྣམ་གཉིས་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཀྲུང་ཨུའི་མི་ཆོས་རིག་གནས་ཀྱི་མཉམ་ལས་དེ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཚུལ་བསྟན།

སུན་ཁྲུན་ལན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཁོང་གིས་མི་ཆོས་རིག་གནས་བརྗེ་རེས་བྱས་པ་དེས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་རང་བཞིན་དང་སྣེ་ཁྲིད་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་ཀྱི་ནུས་པ་ལྡན་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ངོས་འཛིན་གཅིག་མཐུན་འབྱུང་བར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལམ་སྲོལ་དང་བྱེད་ཐབས་གསར་གཏོད་བྱེད་པ། མི་ཆོས་རིག་གནས་ཀྱི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྔར་ལས་བྱས་རྗེས་གསར་བ་མང་པོ་འཇོག་དགོས་པར་བསྟན།

ཀོ་ལི་ཁོ་ཝ་ཡིས། ཀྲུང་གོ་དང་མཉམ་དུ་ལུས་རྩལ་སྤེལ་རེས་བརྗོད་བྱ་གཙོ་བོ་ཡིན་པའི་བྱ་འགུལ་གྱི་སྐུལ་ཁྲིད་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལག་གདང་མཉམ་སྦྲེལ་སྒོས་ཕྱོགས་གཉིས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་དཔེ་མཚོན་གཏོད་དེ་ཀྲུང་གོ་དང་ཨུ་རུ་སུའི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བྱེད་པར་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མུ་མཐུད་ནས་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་བསྟན།

ཚོགས་འདུའི་སྐབས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་གཞོན་པ་རྣམ་གཉིས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་ཡེ་གེ་སྟེང་མི་རྟགས་བཀོད་པར་བདེན་དཔང་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།