ཀྲུང་གོ་བོད་ཀྱི་དྲ་བ།

མི་སྒེར་གྱི་རྒན་གསོ་མ་དངུལ་ཐད་ཀྱི་ལས་དོན་སྒྲུབ་པར་གླ་འདི་དག་བསྡུ་རྒྱུ་མ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་དངུལ་ཁང་ཉེན་བཅོལ་ལྟ་སྐུལ་ཚོགས་པས་ཟླ11པའི་ཚེས18ཉིན་འགྲེམ་སྤེལ་བྱས་པའི《ཚོང་ལས་དངུལ་ཁང་དང་ནོར་བདག་ཀུང་སིའི་མི་སྒེར་གྱི་རྒན་གསོ་མ་དངུལ་དོ་དམ་ཐད་གནས་སྐབས་ཀྱི་བྱེད་ཐབས》ལས།  མི་སྒེར་གྱི་རྒན་གསོ་མ་དངུལ་རྩིས་ཐོ་སྒྲུབ་པ་དང་འབྲེལ་ཡོད་ལས་དོན་ཀྱི་ལྟ་ཞིབ་དོ་དམ་ཐག་གཏན་ཁེལ་བྱས། 

ཀྲུང་གོའི་དངུལ་ཁང་ཉེན་བཅོལ་ལྟ་སྐུལ་ཚོགས་པས་མི་སྒེར་གྱི་རྒན་གསོ་ལས་དོན་སྒྲུབ་པ་ནི་ཚོང་ལས་དངུལ་ཁང་དང་ནོར་བདག་ཀུང་སིའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། ཚོང་ར་ཅན་གྱི་འཁོར་སྐྱོད་དང་སྲིད་གཞུང་གི་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བྱེད་པ། རྒན་གསོ་འགན་བཅོལ་ཐད་ཀྱི་ཁ་གསབ་ཕན་ནུས་ལག་བསྟར་བྱེད་པའི་ལས་དོན་ཡིན་པར་གཏན་ཁེལ་བྱས་ཡོད། 

ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཚོགས་པས་ད་དུང་མ་དངུལ་རྩིས་ཐོ་དངུལ་ཁང་གཅིག་ནས་མ་གཏོགས་སྒྲུབ་མི་ཆོག   གསལ་བོར་བཤད་ན་མི་སྒེར་གྱི་རྒན་གསོ་ལས་དོན་སྒྲུབ་པར་ཆ་རྐྱེན་དང་མཐུན་པའི་དངུལ་ཁང་གཅིག་ནས་མ་དངུལ་རྩིས་ཐོ་སྒྲུབ་པ་དང་།  དངུལ་ཁང་མང་པོ་ནས་སོ་སོ་རྩིས་ཐོ་སྒྲུབ་མི་ཆོག  ཚོང་ལས་དངུལ་ཁང་གིས་མི་སྒེར་གྱི་རྒན་གསོ་མ་དངུལ་རྩིས་ཐོ་སྒྲུབ་མཁན་ལ་ལོ་ཁྲལ་མི་བསྡུ་བ་དང་རྩིས་ཐོའི་དོ་དམ་གླ་རིན་མི་བསྡུ་བ། བརྡ་འཕྲིན་གྱི་གླ་རིན་མི་བསྡུ་བ། སྒོར་མོ་རྩིས་སྤོ་བྱེད་པའི་འགྲོ་ལུགས་གླ་རིན་མི་བསྡུ་བ་བཅས་བྱ་རྒྱུ་རེད།  མི་སྒེར་གྱི་རྒན་གསོ་རྩིས་ཐོ་སྟེང་རྒན་གསོ་མ་དངུལ་སྒོར་ཁྲི12000མ་གཏོགས་སྤྲད་མི་ཆོག་ལ། རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་རྒན་གསོ་མ་དངུལ་བེད་སྤྱོད་བྱེད་པའི་དུས་ཡུན་སྔོན་དུ། མི་སྒེར་གྱི་རྒན་གསོ་མ་དངུལ་བེད་སྤྱོད་བྱེད་མི་ཆོག་པ་དང་། རྩིས་ཐོ་ནང་སྒོར་མོ་གསོག་འཇོག་བྱེད་པ་ལས་ལེན་མི་ཆོག་པ་གསལ་བོར་བསྟན་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།