ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ10བའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་སྒོའི་ཕན་ཁེ་བརྟན་བརླིང་ངང་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ1པོ་ནས་ཟླ10བའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་སྒོའི་ཕན་ཁེ་བརྟན་བརླིང་ངང་འཕར་སྣོན་བྱུང་སྟེ། ལས་གཉེར་ཡོང་སྒོ་སྒོར་དུང་ཕྱུར་ཁྲི32.3དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི2.2། ཁེ་སྤོགས་རྐྱང་རྐྱང་སྒོར་དུང་ཕྱུར་ཁྲི1.7བཅའ་མངོན་འགྱུར་བྱས་ཏེ། དུས་མཉམ་ལས་སོ་སོ9.9%དང4.7%།3.9%བཅས་འཕར་ཡོད།

འདི་ནི་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་དངུལ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བསྡུས་པའི་རྒྱ་བསྐྱེད་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ཡིན།

གྲོས་ཚོགས་སྟེང་གི་ཆ་འཕྲིན་ལྟར་ན། འཁོར་སྐྱོད་སྤུས་ཚད་བརྟན་བརླིང་ངང་འཕར་སྣོན་བྱུང་བ་དང་ཆབས་ཅིག རྒྱལ་དབང་དངུལ་རྩ་ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ལས་ཕྲེང་འབྲེལ་གོང་འོག་གི་ཁེ་ལས་ཀྱི་སྣེ་ཁྲིད་དེ་མཐུན་སྦྱོར་འཕེལ་རྒྱས་སུ་བཏང་སྟེ། ཁང་གླ་ཆག་ཡང་དུ་བཏང་བ་དང་ཟོག་གོང་ཇེ་དམའ་རུ་བཏང་བ་བརྒྱུད་སྤྱི་ཚོགས་ལ་སྒོར་དུང་ཕྱུར200ལྷག་ཁེ་སྐྱུར་བྱས་པས། སྤྱི་ཁོག་དཔལ་འབྱོར་གྱི་སྤྱིའི་རྣམ་པ་བརྟན་བརླིང་དུ་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

གྲོས་ཚོགས་ལས་རྒྱལ་དབང་དངུལ་རྩ་ཀྲུང་དབྱང་ཁེ་ལས་ཀྱིས་འཕར་སྣོན་བརྟན་བརླིང་དུ་གཏོང་བ་དེ་གཙོ་གནད་དུ་བཟུང་ནས། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ལ་ཤུགས་སྣོན་པའི་བྱ་བ་ནན་ཏན་གྱིས་སྒྲུབ་དགོས་ཤིང་། སྔར་ལས་ལྷག་པར་ནུས་ཁུངས་འདོན་སྤྲོད་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། གྱོང་རྒུད་ཐེབས་པའི་ཁེ་ལས་ཀྱི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལོ་གསུམ་གྱི་འགུལ་སྐྱོད་བདེ་བླག་ངང་མཇུག་སྒྲིལ་དགོས་པ་མ་ཟད། འབད་བརྩོན་ལྷོད་མེད་ཀྱིས་ལོ་ཧྲིལ་བོའི་ཚོང་གཉེར་དམིགས་འབེན་ལེགས་འགྲུབ་བྱེད་དགོས་ལ། གསར་སྐྲུན་ལས་རྩལ་ཇུས་འགོད་བྱ་ཡུལ་དང་དེང་རབས་ཐོན་ལས་ཕྲེང་འབྲེལ་གསར་གཏོད་བྱས་ཏེ། ཁེ་ལས་ཀྱི་སྲོག་ཤིང་གི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་དགོས་པ་མ་ཟད། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རྒྱལ་དབང་དཔལ་འབྱོར་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།