ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་མུ་མཐུད་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མན་ཀུའུ་ནས་མུ་མཐུད་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མན་ཀུའུ་ནས་མུ་མཐུད་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས།

གྲོས་ཚོགས་ཀྱིས་རྒྱུན་མཐུད་ཉོ་ཚོང་དང་དངུལ་གཏོང་གནད་དོན་སྐོར་ལ་གྲོས་བསྡུར་བྱས་ཤིང་། ཞི་ཅིན་ཕིང་གིས་བསྟན་དོན། རང་དབང་དང་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་གཏོང་ནི། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དམིགས་གཞི་དང་རྩ་དོན་ཡིན་ལ། 2040ལོའི་པུའུ་ཐི་ལཱ་ཅ་ཡའི་དམིགས་འདུན་མངོན་འགྱུར་བྱེད་པའི་རྒྱབ་རྟེན་གལ་ཆེན་ཡང་ཡིན།

དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས། སྒྲིག་ལམ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བདེ་འཇགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱས་ཏེ། སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཉོ་ཚོང་དངུལ་གཏོང་ཁོར་ཡུག་བསྐྲུན་ནས། ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རང་དབང་ཉོ་ཚོང་ཁུལ་སྔ་མོ་ནས་འཛུགས་དགོས།

ཀུན་ཕན་ཁོང་ཡངས་རྒྱུན་འཁྱོངས་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཀྱི་ཁོང་ཡངས་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། འདྲ་མཉམ་གྱིས་གྲོས་མོལ་བྱེད་པ་དང་མཉམ་དུ་ཟབ་ཞུགས་བྱེད་པ། ཀུན་ལ་ཕན་ཁེ་ཡོད་པ་བཅས་ཀྱི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་སྒྲོམ་གཞི་བསྐྲུན་དགོས་ལ། ཕྱོགས་ཡོངས་ལ་ཀུན་ནས་ཕན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཁྲོམ་ར་ཆེན་པོ་སྐྱེད་སྲིང་བྱས་ཏེ། ཕྱོགས་སོ་སོས་མཉམ་འབྲེལ་འཕེལ་རྒྱས་ཁྲོད་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། ལེགས་ཆ་གསབ་རེས་ཁྲོད་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོས་གྲོང་གསེབ་དར་རྒྱས་དང་། ཁེ་ལས་འབྲིང་ཆུང་གི“ཆེད་ཞིབ་དམིགས་གསར་ཅན”། ཁོང་ཡངས་རང་བཞིན་གྱི་ཉོ་ཚོང་དངུལ་གཏོང་སོགས་ཀྱི་གྲོས་གཞི་བཏོན་ནས། འཕེལ་རྒྱས་དང་གསར་གཏོད་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བོའི་མང་ཚོགས་ལ་ཕན་ཁེ་བསྐྲུན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕྱོགས་སོ་སོས་ཁོང་ཡངས་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རམ་འདེགས་བྱས་ཡོད། 

སྒོ་འབྱེད་ས་ཁོངས་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དར་རྒྱས་ལ་མཉམ་སྐུལ་བྱེད་དགོས། ཧུར་ཐག་དང་རང་འགུལ་གྱིས་སྒོ་འབྱེད་རྒྱ་བསྐྱེད་དེ། ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་སྔར་ལས་ཆེས་ཆེར་འབྱེད་རྒྱུ་ཡིན། ཉེ་སྔོན་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་ནས། ཀྲུང་གོས་རང་དབང་སྒོ་འབྱེད་ཀྱི་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་འཛམ་གླིང་ལ་ཁྲོམ་རའི་སྒོ་འབྱེད་པའི་ཆོད་སེམས་བརྟན་པོ་ཡང་བསྐྱར་མངོན་པར་མཚོན་ཡོད། ཀྲུང་གོས་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་ཚད་ཧུར་ཐག་གིས་རྒྱ་བསྐྱེད་ནས། འཛམ་གླིང་ལ་ཁྲོམ་རའི་གོ་སྐབས་དང་འཕེལ་རྒྱས་ཀྱི་གོ་སྐབས། མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱ་རྒྱུ་ཡིན། 

གྲོས་ཚོགས་ཀྱིས《2022ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་བསྒྲགས་གཏམ》དང《སྐྱེ་དངོས་འཁོར་སྐྱོད་དང་ལྗང་མདོག་དཔལ་འབྱོར་གྱི་མན་ཀུའུ་དམིགས་འབེན》ཞེས་པ་ཁྱབ་བསྒྲགས་བྱས། 

ཝང་དབྱི་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།