ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་བོད་ལྗོངས། གཞུང་གཏོགས་རྒྱུ་ནོར་དང་གཞུང་གཏོགས་ཁེ་ལས་ཁོངས་གཏོགས་བཅས་སུ་སྒྲོག་འགྲེལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཉེ་ཆར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་བོད་ལྗོངས། གཞུང་གཏོགས་རྒྱུ་ནོར་དང་གཞུང་གཏོགས་ཁེ་ལས་ཁོངས་གཏོགས་སོགས་ལས་ཁུངས་སོ་སོ་རུ་སྒྲོག་འགྲེལ་བྱས་ནས་ཚོགས་ཆེན་གྱི་དགོངས་དོན་སེམས་གཏིང་དུ་ཟུག་པར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲེང་གིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དུ་སྒྲོག་འགྲེལ་སྙན་ཞུ་གནང་། ཀུང་ཀྲེང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོ། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་བཅས་ཕྱོགས་བདུན་གྱི་ལམ་ནས་ཧྲང་ཧའེ་ཡི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་།

ཀུང་ཀྲེང་གིས་ད་དུང་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣའི་བྱ་གཞག་གོང་འཕེལ་སོགས་ཀྱི་ཕྱོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། མཐོ་སློབ་ཀྱི་དགེ་སློབ་དང་བསམ་བློ་བརྗེ་རེས་གནང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཅན་ཤིན་གྱིས་བོད་ལྗོངས་ལྷ་སར་སྒྲོག་འགྲེལ་སྙན་ཞུ་གནང་། ཝང་ཅན་ཤིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ཁོང་དུ་ཆུད་པར་བྱེད་པ་སོགས་ཕྱོགས་བདུན་གྱི་ཐད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བྱས། སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་བརྒྱུད་ནས་འཚོགས།

ཝང་ཅན་ཤིན་ད་དུང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕེབས་ནས་མཐོ་སློབ་ཀྱི་དགེ་སློབ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་ལ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཕེ་ཡན་གྱིས་གཞུང་གཏོགས་རྒྱུ་ནོར་དང་གཞུང་གཏོགས་ཁེ་ལས་ཁོངས་གཏོགས་སུ་སྒྲོག་འགྲེལ་སྙན་ཞུ་གནང་། ཐེན་ཕེ་ཡན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་སོགས་ཀྱི་ཕྱོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་གཏིང་ཟབ་གནང་། སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་བརྒྱུད་ནས་འཚོགས།

སྙན་ཞུ་ལ་ཉན་རྗེས། ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྭ་ཡིས་བཤད་རྒྱུར། ང་ཚོས་སློབ་སྦྱོང་གི་གྲུབ་འབྲས་དེ་འགག་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ལས་གནས་ཐོག་རྐང་འཛུགས་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་གཞུང་གཏོགས་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་གསར་པ་མངོན་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།