ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ་དང《ཆིངས་འཇོག་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་འགའི་སྔོན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་། ཆིངས་འཇོག་དོ་དམ་བྱེད་ཐབསཁྱབ་བསྒྲགས་བྱས་ཤིང་། 2023ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

བྱེད་ཐབསདེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་ཞིབ་འཇུག་དང་བེད་སྤྱོད་པར་ཤུགས་སྣོན་པ་དང་། ཕྱི་འབྲེལ་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ལག་ལེན་ཉམས་མྱོང་དང་འབྲེལ་ཡོད་གཏན་འབེབས་ཕྱོགས་སྡོམ་གྱི་རྨང་གཞིའི་ཐོག མུ་མཐུད་དུ་འབྲེལ་ཡོད་སྒྲིག་རིམ་འཐུས་ཚང་དང་ལེགས་སྒྱུར་བྱེད་པ་ཞིག་ཡིན། གཅིག་ནས་ཏང་གིས་ཆིངས་འཇོག་ལས་དོན་ལ་མགོ་ཁྲིད་པར་ཤུགས་སྣོན་པ་དང་། གཉིས་ནས་ཆིངས་འཇོག་ལས་དོན་གྱི་གོ་རིམ་འཐུས་ཚང་དུ་གཏོང་བ། གསུམ་ནས་ཆོག་མཆན་ཐོབ་དགོས་པ་དང་ཞིབ་མཆན་འགོད་དགོས་པའི་ཆིངས་ཡིག་ཁྱབ་ཁོངས་ཞིབ་ཕྲ་བཟོ་པ། བཞི་ནས་ཆིངས་ཡིག་ནང་ཀང་ཨའོ་དམིགས་བསལ་སྲིད་འཛིན་ཁུལ་ལ་འཚམ་པའི་སྒྲུབ་གཉེར་གོ་རིམ་ཁ་སྣོན་པ། ལྔ་ནས་ཁྲིམས་ལུགས་ཀྱི་ཐོག་ནས་ཆིངས་ཡིག་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།