ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཀོང་ཏུང་དུ་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཚེས2ཉིན་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ་གྲོང་ཁྱེར་དུ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུང་མིང་གིས་སྒྲོག་འགྲེལ་བརྗོད་བྱའི་སྙན་ཞུ་ཕུལ། ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་རུ་བསྡོམས་པས་མི་ཁྲི1.7ལྷག་ཞུགས།

ཧོང་ཁུང་མིང་གིས་སྙན་ཞུའི་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་གསལ་བཤད་བྱས་ཤིང་། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་བའི་ལོ་ངོ་བཅུ་ཡི་འཕོ་འགྱུར་རླབས་ཆེན་སྒྲོག་འགྲེལ་བྱས་ལ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་བློ་གཏོང་ཕྱོགས་གསར་བ་འབྱེད་པ་དང་། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་དམིགས་འབེན་ལས་འགན་འཛུགས་སྐྲུན་བྱེད་པ། རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པ། འབད་བརྩོན་ལྷོད་མེད་ཀྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་པ་སོགས་ཀྱི་ཕྱོགས་ནས་འགྲེལ་བཤད་གཏིང་ཟབ་བྱས། ཁོང་གིས“གཏན་ཕབ་གཉིས”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་གཏོང་བའི་གཏན་ཁེལ་རང་བཞིན་གྱི་རྒྱུ་རྐྱེན་ཡིན་པས། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལྡན། ང་ཚོས་གཡོ་འགུལ་མེད་པར“གཏན་ཕབ་གཉིས”རྒྱུན་འཁྱོངས་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་རང་འགུལ་ལ་ཤུགས་བསྣན་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། ཏན་ཏན་ཏིག་ཏིག་གིས་ཀོང་ཏུང་གི་ལས་དོན་ལེགས་པོར་སྒྲུབ་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཀོང་ཏུང་གི་བྱས་རྗེས་འཇོག་དགོས་པར་བསྟན།

ཉེ་ལམ། ཧོང་ཁུང་མིང་ད་དུང་ཀོང་ཀྲོའུ་ནན་ཧྲ་ཀང་ས་ཁུལ་སོགས་སུ་སོང་ནས། ཐོན་སྐྱེད་ལས་ཡུལ་དང་པོའི་མི་སྣར་ཡུལ་དངོས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།