ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མ་ཨར་ཏའེ་ཧྥུའུ་ཙུང་ཐུང་ས་ལའེ་ཧི་ཡིས་ཀྲུང་མ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་ལ་གློག་འཕྲིན་བཏང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ཨར་ཏའེ་ཧྥུའུ་ཙུང་ཐུང་ས་ལའེ་ཧི་ཡིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མ་བར་གྱི་མཛའ་བརྩེའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཕྱི་འབྲེལ་ནས་ལོ་ངོ50རིང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་བར་ཕན་ཚུན་འདྲ་མཉམ་དང་གཉིས་ཁེ་མཉམ་ཕན་གྱི་དཔེ་མཚོན་བཙུགས་ཡོད། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་རོགས་རེས་ལྟ་སྲུང་སྒོས་ལག་གདང་མཉམ་སྦྲེལ་གྱིས་དུས་རབས་ཀྱི་རིམས་ནད་ལ་ཁ་གཏད་དེ། ཐུན་མོང་ངང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་མཉམ་ལས་གཏིང་ཟབ་དུ་བཏང་ཞིང་། དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས་ཀྲུང་མའི་འབྲེལ་བར་གསོན་ཤུགས་གསར་བ་བསྩལ་ཞིང་མདུན་ལྗོངས་གསར་བ་བསྐྲུན་ཡོད། ངས་ཀྲུང་མའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་དོ་སྣང་བྱེད་བཞིན་ཡོད་ལ། ཙུང་ཐུང་ས་ལའེ་ཧི་དང་མཉམ་དུ་འབད་བརྩོན་བྱས་ཏེ། མ་འོངས་པར་ཕྱོགས་ནས་ཀྲུང་མའི་མཛའ་བརྩེའི་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བརླིང་ངང་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད།

ས་ལའེ་ཧི་ཡིས་བསྟན་དོན། མ་ཀྲུང་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ལོ་རྒྱུས་འབྲེལ་བ་དང་བདག་དབང་འདྲ་མཉམ། ཕན་ཚུན་བརྩི་འཇོག་བྱས་ཀྱི་རྨང་གཞི་སྟེང་བཙུགས་པ་ཡིན་ལ། མ་ཨར་ཏའེ་ཧྥུའུ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་སྲ་བརྟན་གྱི་རྨང་གཞི་སྟེང་བཙུགས་པ་ཡིན། ཀྲུང་གོས་མ་ཨར་ཏའེ་ཧྥུའུ་ཡི་དཔལ་འབྱོར་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱལ་ཁབ་གཉིས་བར་ལོ་ངོ50རིང་དུས་ཡུན་རིང་བོའི་མཛའ་བརྩེའི་མཉམ་ལས་ཕྱི་འབྲེལ་བཙུགས་པ་དེ་ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་དང་རྒྱ་བསྐྱེད་དུ་འགྲོ་བར་ང་ལ་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།