ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མྱུར་སྐྱེལ་དྲ་ཚིགས་གྲོང་རྡལ་ཡོངས་ལ་ཁྱབ་པ་ཕལ་ཆེར་མངོན་འགྱུར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཙོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་དེ་གཞི་ཁྱོན་ཆུང་བ་ནས་གཞི་ཁྱོན་ཆེ་བའི་བར་འཕོ་འགྱུར་བྱུང་བ་དང་། ལོ་རེའི་མྱུར་སྐྱེལ་ལས་སྒོའི་གྲངས་ཚད་དེ་དུང་ཕྱུར་སྟོང་ལས་བརྒལ་བ་དང་ལོ་རེའི་མྱུར་སྐྱེལ་ཡོང་སྒོ་སྒོར་དུང་ཕྱུར་ཁྲི་ཡན་ལས་བརྒལ་བའི་དུས་རབས་གསར་བར་སླེབས་ཡོད་པས། འཛམ་གླིང་སྟེང་ཤར་སྐྱོད་ཆེས་ཆེ་བ་དང་ཆེས་ཀུན་ཕན་ཡིན་པ། གཞི་ཁྱོན་ཆེས་ཆེ་བ། ཁེ་ཕན་ཐོབ་པའི་མི་གྲངས་ཆེས་མང་བའི་སྦྲག་སྲིད་མྱུར་སྐྱེལ་དྲ་རྒྱ་བཙུགས་ཡོད། མིག་སྔའི་བར་དུ། རང་རྒྱལ་གྱི་སྦྲག་སྲིད་ལམ་ཐག་གི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི1000བརྒལ་ཡོད་པ་དང་། མྱུར་སྐྱེལ་ཞབས་ཞུ་དྲ་རྒྱའི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི4000ལས་བརྒལ་ཡོད་དེ། སྦྲག་སྲིད་མྱུར་སྐྱེལ་ལས་གཉེར་ས་ཚིགས་ཁྲི41.3ཡོད་པས། རྒྱ་ཁྱབ་ངང་ཡོངས་སུ་ཁེབས་པའི་སྦྲག་སྲིད་མྱུར་སྐྱེལ་དྲ་རྒྱ་ཡིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པར་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད།

སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུ་ཆ་སྙོམས་ཅན་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བྱུང་བ་དང་། རྒྱལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཁྲི50ལྷག་དང་རྒྱལ་ཡོངས་ཀྱི་མཚོ་འགྲམ་སོ་ལྟ་ཁང128ཚང་མར་ཐད་ཀར་དུ་མྱུར་སྐྱེལ་ཤར་གཏོང་ཐུབ་པ་དང་། མྱུར་སྐྱེལ་དྲ་ཚིགས་གྲོང་རྡལ་ལ་ཡོངས་སུ་ཁྱབ་པ་ཕལ་ཆེར་མངོན་འགྱུར་བྱས་ཏེ། སྲིད་འཛིན་སྡེ་བའི་མྱུར་སྐྱེལ་ཞབས་ཞུའི་ཁྱབ་ཚད80%ལས་བརྒལ་ཡོད།

ད་ལོའི་རིང་ལ། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ཚོད་རྩིས་བྱས་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་ཚད་དུས་མཉམ་ལས4.2%ཙམ་འཕར་སྣོན་བྱུང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།